ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས23ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས22ཉིན་གྱི་དགོང་མོ་ནས་བཟུང་ཅཱ་ཧྲའི་བྱང་ཕྱོགས་དང་དབུས་ཕྱོགས་ཀྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒལ་བྱས་ཏེ། ཉུང་མཐར་ཡང་མི་ཉེར་བཞི་རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས22ཉིན་གྱི་དགོང་མོར་ཅཱ་ཧྲའི་བྱང་ཕྱོགས་ཀྱི་སྡོད་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི16རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ10ཡོད། ཅཱ་ཧྲའི་དབུས་ཕྱོགས་ཀྱི་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་སའི་སྡོད་ཁང་ཞིག་ལ་ཚེས23ཉིན་གྱི་ཞོགས་པར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི8རྐྱེན་ལམ་དུ་ཤོར་ཟེར།
ཕཱ་ལེ་སི་ཐན་བདེ་འཇགས་སྡེ་ཁག་གི་མི་སྣས་ཚེས23ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དུས་ཡུན་ཉིན་གསུམ་གྱི་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་རྗེས། དབྱི་སི་རལ་གྱི་དམག་དཔུང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་གྲོང་ཁྱེར་ནས་ཕྱིར་འཐེན་བྱས་ཡོད་ཟེར། གཞན་ཡང་ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཅེ་ཉིང་དུ་བསྟུད་མར་ཉིན་གསུམ་རིང་གི་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི12རྐྱེན་ལམ་དུ་ཤོར་བ་དང་། མི25ལ་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།