ཀྲང་ཆིན་ཝེ་ཡིས་ཁེན་ནི་ཡའི་མཉམ་འབྲེལ་དམངས་གཙོའི་མནའ་འབྲེལ་གྱི་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་ཐུག་འཕྲད་བྱས།
2024.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཚེས24ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཆིན་ཝེ་ཡིས་པེ་ཅིང་དུ་ཁེན་ནི་ཡའི་མཉམ་འབྲེལ་དམངས་གཙོའི་མནའ་འབྲེལ་གྱི་སྤྱི་ཁྱབ་ཧྲུའུ་ཅི་མ་ལ་ལ་ཡིས་སྣེ་ཁྲིད་པའི་ཏང་དེའི་ལས་བྱེད་པའི་རྟོག་ཞིབ་ཚོགས་པ་དང་ཐུག་འཕྲད་བྱས།  ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས།   ཏང་བར་གྱི་འགྲོ་འོང་ལ་ཤུགས་སྣོན་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་སྔར་ལས་གཏིང་ཟབ་པའི་དུས་རབས་གསར་བའི་ཀྲུང་གོ་དང་ཁེན་ནི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཡིན་ཞེས་བསྟན།

གཡང་འབུམ་རྒྱལ་གྱིས་བསྒྱུར།