ཚེས24ཉིན། ཨོ་སི་ཁྲུ་ལི་ཡའི་རླུང་འཕྲིན་ཀུང་སིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེར་པ་པུའུ་ཡ་ཀེའུ་ནེ་ཡ་གསར་པའི་བྱང་རྒྱུད་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་རི་ཉིལ་བའི་དོན་རྐྱེན་བྱུང་ནས་མི་མང་པོ་ས་འོག་ཏུ་མནན་པ་དང་། ཕལ་ཆེར་རྐྱེན་ལམ་དུ་ཤོར་བའི་མི་གྲངས100ལས་བརྒལ་འདུག་ཟེར།
གནས་ཚུལ་སྤེལ་བར་གཞིགས་ན། ས་དེའི་དུས་ཚོད་ཚེས24ཉིན་གྱི་ཐོ་རེངས་ཁའི་དུས་ཚོད3ཙམ་གྱི་སྐབས་སུ། པ་པུའུ་ཡ་ཀེའུ་ནེ་ཡ་གསར་པའི་བྱང་རྒྱུད་ཀྱི་ཨིན་ཅ་ཞིང་ཆེན་གྱི་ཐག་རིང་གི་གྲོང་ཚོ་ཞིག་ཏུ་གཞི་ཁྱོན་ཆེ་བའི་རི་ཉིལ་བའི་གནས་ཚུལ་བྱུང་།
གནས་ཚུལ་ལས་ཞིན་པོའར་ཀེ་ལ་བུད་མེད་ཚོང་ལས་མཐུན་ཚོགས་ཀྱི་ཀྲུའུ་ཞི་དབྱི་ལི་ཧྲ་པེ·ལ་ལུའུ་མའི་སྐད་ཆ་དྲངས་ནས་བཤད་པ་ལྟར་ན། རི་ཉིལ་བ་ལས་ཁང་པ་མང་པོ་ཞིག་ལ་གཏོར་བརླག་ཐེབས་ཡོད་པ་དང་། ཚོད་དཔག་བྱས་ན་མི100ལྷག་ཙམ་ས་འོག་ཏུ་མནན་ཡོད་པ་རེད།
ས་གནས་དེའི་སྲིད་གཞུང་གིས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྐོར་གྱི་ཆ་འཕྲིན་གནས་སྐབས་སུ་ཁྱབ་བསྒྲགས་བྱས་མེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།