ཧ་མ་སིས་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དུ་དབྱི་སི་རལ་གྱི་དམག་མི་འཛིན་བཟུང་བྱས།
2024.05.26 ཁུངས། ཀློག་གྲངས། 23

ཚེས26ཉིན་གྱི་ཐོ་རེངས་ཁར།  ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་ཁོངས་གཏོགས་ཀྱི་དྲག་ཆས་ཕྱོགས་ཁག་ཁ་སཱང་སྟོང་ཤོག་གིས་གསལ་བསྒྲགས་སྤེལ་ནས།   ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དུ་དབྱི་སི་རལ་གྱི་དམག་མི་འཛིན་བཟུང་བྱས་པ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་དབྱི་སི་རལ་དམག་ཕྱོགས་ཀྱིས་དམག་མི་འཛིན་བཟུང་བྱས་པ་ཁས་ལེན་མ་བྱས།

ཁ་སཱང་སྟོང་ཤོག་གིས་གསལ་བསྒྲགས་ནང་བཤད་རྒྱུར། དྲག་ཆས་མི་སྣས་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅེ་པ་ལི་ཡེ་ཡུལ་གྱར་པའི་སྒར་ས་རུ་དབྱི་སི་རལ་གྱི་དམག་མི་དང་འཁྲུག་རྩོད་དྲག་པོ་བྱས་ནས།   དབྱི་སི་རལ་གྱི་དམག་མི་ཤི་རྨས་བཟོས་པར་མ་ཟད་འཛིན་བཟུང་ཡང་བྱས་ཡོད་ཟེར།  གསལ་བསྒྲགས་ནང་འཛིན་བཟུང་བྱས་པའི་དབྱི་སི་རལ་གྱི་དམག་མིའི་གྲངས་འབོར་བསྒྲགས་མེད།

དེའི་རྗེས་སུ་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་གྱི་དམག་མི་འཛིན་བཟུང་བྱས་མེད་པའི་གནས་ཚུལ་སྤེལ་འདུག

གཡང་འབུམ་རྒྱལ་གྱིས་བསྒྱུར།