མོ་ཞི་ཁོའི་འཕྲོད་བསྟེན་པུའུ་ཡིས་ཉེ་ལམ་བསྒྲགས་པའི་སྙན་ཞུའི་གནས་ཚུལ་ལྟར་ན། ད་ལོའི་ཟླ3པའི་ཚེས17ཉིན་ནས་བཟུང་མོ་ཞི་ཁོའི་ས་ཁུལ་མང་པོ་ཞིག་ཏུ་དྲོད་ཚད་མཐོ་བའི་གནམ་གཤིས་ལས་ཉུང་མཐར་ཡང་མི48རྐྱེན་ལམ་དུ་ཤོར་བ་དང་། སྔོན་དཔག་བྱས་ན་དྲོད་ཚད་མཐོ་བའི་གནམ་གཤིས་ད་དུང་མུ་མཐུད་དུ་འབྱུང་རྒྱུ་རེད།
སྙན་ཞུའི་ནང་མོ་ཞི་ཁོའི་རྒྱལ་ཁབ་ཆུ་དོན་ཨུ་ཡོན་ལྷན་ཁང་གི་གཞི་གྲངས་ལྟར་ན། མོ་ཞི་ཁོ་ད་ལོའི་ཟླ3པ་ནས་ཟླ7པའི་བར་ཚ་རླབས་ཐེངས་ལྔ་འཕྲད་རྒྱུ་ཡིན་པ་དང་། མིག་སྔར་ཚ་རླབས་ཐེངས་གསུམ་པར་སླེབས་ཡོད་ཅེས་བཀོད་ཡོད་ལ། སྔོན་དཔག་བྱས་ན་རེས་སྐོར་འདིའི་ཚ་རླབས་ད་དུང་རྒྱུན་མཐུད་རྒྱུ་ཡིན་པ་དང་། མོ་ཞི་ཁོའི་མངའ་སྡེ་མང་པོའི་དྲོད་ཚད་ཆེས་མཐོ་བ་ཏུའུ40ནས45བར་ཡིན་པ་དང་།མངའ་སྡེ་ཁ་ཤས་ཀྱི་དྲོད་ཚད་མཐོ་ཤོས་ཏུའུ 45ལས་བརྒལ་རྒྱུ་རེད།
སྙན་ཞུ་ལས་བཤད་རྒྱུར། མོ་ཞི་ཁོའི་མི950ལྷག་གི་བདེ་ཐང་གནས་ཚུལ་ལ་དྲོད་ཚད་མཐོ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་དང་། ཚ་གདུག་ཕོག་པ་རྒྱུན་མཐོང་དུ་གྱུར་ཡོད་ལ། མི་ཁ་ཤས་ལ་ལུས་ཆུ་ཟད་པ་དང་ཉི་མས་འཚིག་པའི་ནད་རྟགས་ཐོན་བཞིན་ཡོད།
ཤ་བོ་རིན་མཚོས་བསྒྱུར།