ཚེས26ཉིན། ཁོ་མོ་རོའི་ཙུང་ཐུང་ཨ་ཀྲ་ལིས་ཀྱིས་རྒྱལ་ས་མོ་ལུའོ་ཉི་རུ་འགན་ཙུང་ཐུང་གི་འགན་འཁུར་རྒྱུའི་དམ་བཅའ་བཞག་ནས་འགན་ཡུན་གསར་པ་མགོ་བརྩམས།
ཨ་ཀྲ་ལིས་ཀྱིས་འགན་བཞེས་མཛད་སྒོའི་སྟེང་རང་ནུས་གང་ཡོད་བཏོན་ནས་རྒྱལ་ཁབ་ཀྱི་ཞི་བདེ་དང་བདེ་འཇགས། མི་རིགས་མཐུན་སྒྲིལ། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱས་ཏེ། སྔར་ལས་མཐུན་སྒྲིལ་གཅིག་གྱུར་གྱི་ཁོ་མོ་རོ་ཞིག་བསྐྲུན་པར་འབད་བརྩོན་བྱས་ནས། མི་དམངས་ལ་སྔར་ལས་ཞི་བདེ་དང་སྔར་ལས་འཕེལ་རྒྱས་ཀྱི་འདུན་ལྗོངས་གསར་པ་ཞིག་བསྐྲུན་རྒྱུ་ཡིན་ཟེར།
ཨ་ཀྲ་ལིས་ཀྱིས་སྤྱི་ཚོགས་ལས་རིགས་སོ་སོ་མཐུན་སྒྲིལ་བྱས་ནས། མི་མཐུན་པའི་ཆ་ལས་བརྒལ་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཞི་བདེ་དང་བརྟན་འཇགས། འཆམ་མཐུན་བཅས་ཡོང་བར་འབད་བརྩོན་བྱེད་དགོས་པའི་རེ་འབོད་བཏོན།
ཁོ་མོ་རོ་ཡིས་ད་ལོའི་ཟླ1ཚེས14ཉིན་སྤེལ་བའི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་དང་པོའི་འདེམས་ཤོག་འཕེན་སྐབས། ཨ་ཀྲ་ལིས་ལ་འདེམས་ཤོག57.02%ཐོབ་ནས་སླར་ཡང་ཙུང་ཐུང་ལ་བདམས་ཐོན་བྱུང་བ་རེད།
ཨ་ཀྲ་ལིས་ཀྱིས1999ལོ་ནས2006ལོའི་བར་ཁོ་མོ་རོ་ཡི་ཙུང་ཐུང་གི་འགན་འཁུར་པ་དང་། 2016ལོའི་ཟླ4པ་དང2019ལོའི་ཟླ3པའི་ཙུང་ཐུང་འདེམས་བསྐོ་ཐེངས་གཉིས་ཀྱི་ཁྲོད་དུ་ཁོ་ལ་རྒྱལ་ཁ་ཐོབ་ནས་ད་ལྟའི་བར་ཙུང་ཐུང་གི་འགན་འཁུར་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།