ཨོ་སི་ཁྲུ་ལི་ཡཱའི་རྒྱང་སྒྲོག་ཀུང་ཟིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱི་པཱ་པུའུ་ཡཱ་ཞིན་ཀུའེ་ནེ་ཡཱའི་འགན་ཁུར་བ་ཨ་ཁི་ཐའོ་ཕུའུ་ལཱ་ཁི་ཡིས་བཤད་རྒྱུར། པཱ་པུའུ་ཡཱ་ཞིན་ཀུའེ་ནེ་ཡཱའི་བྱང་ཕྱོགས་རི་ཁུལ་དུ་ཚེས་ཉེར་བཞི་ཉིན་རི་ཉིལ་བའི་དོན་རྐྱེན་བྱུང་བ་ལས་མི་དྲུག་བརྒྱ་དང་བདུན་ཅུ་ལྷག་རྐྱེན་ལམ་དུ་ཤོར་ཡོད་ཟེར།
ཨ་ཁི་ཐའོ་ཕུའུ་ལཱ་ཁི་ཡིས་བཤད་རྒྱུར། མིག་སྔར་ཚོད་དཔག་བྱས་ན་ཁང་བ་བརྒྱ་དང་ལྔ་བཅུ་ས་འོག་ཏུ་མནན་ཡོད་པ་དང་། གནོད་འཚེ་བྱུང་སའི་ཉེ་འཁོར་གྱི་ས་བབ་སྔར་བཞིན་གཏན་འཇགས་མིན་པས། ཉེ་འདབས་ཀྱི་སྡོད་དམངས་དག་བདེ་འཇགས་ས་ཁུལ་དུ་ཕྱིར་འཐེན་བྱས་ཡོད་ཟེར།
སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རི་ཉིལ་བའི་དོན་རྐྱེན་དེ་ཚེས་ཉེར་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་གསུམ་ཡས་མས་སུ་བྱུང་བ་དང་། གནོད་ཐེབས་ས་ཁུལ་དེ་མའོ་ཨར་ཙི་པུས་གྲུ་ཁའི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་དྲུག་བརྒྱའི་མཚམས་སུ་ཡོད་པའི་ཨིན་ཅའ་ཞིང་ཆེན་གྱི་ཁའོ་ཁཱ་ལཱ་མུའུ་སྡེ་བ་ཡིན་པ་དང་། རི་ཉིལ་བ་ལས་སྡེ་བ་དེ་ཕལ་ཆེར་ཤུལ་མེད་དུ་བཟོས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།