ཧི་ལན་གྱི་ཏང་ཁག་བཞིའི་སྲིད་འཛིན་མནའ་འབྲེལ་གྱིས་ཚེས28ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཞའོ་ཧྥུའུ་སྐབས་གསར་བའི་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་དུ་མིང་འདོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ད་ལོར་ལོ་རེ་བདུན་ཡིན་པའི་ཞའོ་ཧྥུའུ་ཡིས་ཧི་ལན་ཁྲིམས་འཛིན་དང་བདེ་འཇགས་པུའུ་ཡི་དྲུང་ཡིག་ཆེན་མོའི་འགན་ཁུར་ཡོད་པ་དང་། མིག་སྔར་སྲིད་ཏང་གང་ལའང་ཞུགས་མེད། དེའི་སྔོན་ཁོས་ཧི་ལན་གསང་འཕྲིན་དང་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་དང་། རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་དང་བདེ་འཇགས་མཐུན་སྦྱོར་བ་སོགས་ཀྱི་ལས་འགན་ཁུར་མྱོང་།
ཞའོ་ཧྥུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྲིད་འཛིན་མནའ་འབྲེལ་གྱི་ཏང་ཁག་བཞི་ཡིས་མཉམ་དུ་ཁོས་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བར་གདན་ཞུ་བྱས་ཡོད་པ་དང་། སེམས་གནད་མོས་བསམ་བློ་བཏང་རྗེས་ཁོས་ལས་འགན་དེ་དང་ལེན་བྱེད་རྒྱུ་ཐག་བཅད་ཡོད་ཟེར། ཁོས་བསྟན་དོན། མང་ཚོགས་ཀྱི་ཆེད་དུ་སྤྱི་ཚོགས་གནད་དོན་ཐག་གཅོད་བྱེད་པར་འབད་འབུངས་བྱས་ཏེ། ཧི་ལན་གྱི་མི་ཚང་མའི་དབུ་བཞུགས་བློན་ཆེན་དུ་འགྱུར་བར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།