ཨ་ཧྥེ་རི་ཁ་ལྷོ་མའི་བྱང་ཕྱོགས་ཀྱི་ལིན་པའོ་པའོ་ཞིང་ཆེན་དུ་ཚེས28ཉིན་དངོས་སྐྱེལ་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི13རྐྱེན་ལམ་དུ་ཤོར།
ལིན་པའོ་པའོ་ཞིང་ཆེན་གྱི་འགྲིམ་འགྲུལ་སྡེ་ཁག་གིས་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་ལྔ་བཅུའི་ཡས་མས་སུ། དངོས་སྐྱེལ་རླངས་འཁོར་ཆེ་བ་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་གདོང་ཐུག་བརྒྱབ་སྟེ། ཁ་ལོ་བ2དང་འགྲུལ་སྐྱེལ་རླངས་འཁོར་སྟེང་གི་འགྲུལ་བ11རྐྱེན་ལམ་དུ་ཤོར་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དོན་རྐྱེན་དེ་བྱུང་སྐབས་སྨུག་འཐིབ་ཡོད་པས། ཐག་རིང་མཐོང་མི་ཐུབ་པ་ནི་དོན་རྐྱེན་དེའི་འབྱུང་རྐྱེན་ཡིན་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།