སྐབས་བདུན་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུའི་མཚམས་སྦྱོར་ཚོགས་འདུ་ཚེས29ཉིན་ཕེ་རུའི་རྒྱལ་ས་ལེ་མཱ་ནས་བསྡུས་པ་དང་། ས་དེའི་ཚོང་ཚོགས་དང་མཐུན་ཚོགས། ཁེ་ལས་བཅས་ནས་ཡོང་བའི་འཐུས་མི་བརྒྱ་དང་ལྔ་བཅུ་ཙམ་བྱ་འགུལ་ལ་ཞུགས།
ཕེ་རུར་སྡོད་པའི་ཀྲུང་གོའི་གཞུབ་ཚབ་ཆེན་མོ་སུང་དབྱང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོས་འདྲ་མཉམ་དང་གོ་རིམ་ལྡན་པའི་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་འཛམ་གླིང་ཅན་དར་སྤེ་གཏོང་བཞིན་ཡོད་པ་དང་། ཀྲུང་གོའི་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་ནས། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་མང་ཉོ་ཚོང་རྐྱེན་སྲོལ་ལ་སྲུང་སྐྱོབ་བྱས་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་བཞིན་ཡོད། ཀྲུང་གོའི་འཛད་སྤྱོད་ཚོང་ར་ཆེ་བ་དང་མུ་མཐུད་དུ་རྒྱ་བསྐྱེད་བཞིན་ཡོད་ལ། སྣ་མང་ཅན་གྱི་དགོས་མཁོ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། ཕེ་རུའི་རིགས་སྣ་ཚོགས་ཀྱི་ལས་ཁུངས་དང་ཁེ་ལས་དག་ལང་ལོང་སྒོས་སྐབས་བདུན་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུར་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།
ཕེ་རུའི་ཕྱིར་གཏོང་ཚོང་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཕའེ་ལོས་སི་ཡིས་བཤད་རྒྱུར། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་ནི་ཕེ་རུ་དང་ཕེ་རུའི་ཁེ་ལས་ཆུང་འབྲིང་མང་བོར་སྟེགས་བུ་དེ་བརྒྱུད་དེ་སྔར་ལས་ལྷག་པའི་འཕེལ་རྒྱས་གོ་སྐབས་ཐོབ་ཡོད་ལ། མཐུན་ཚོགས་ཀྱིས་སྔར་ལས་མང་བའི་ཕེ་རུའི་ཕྱིར་གཏོང་ཚོང་བའི་སྤུས་ལེགས་ཐོན་རྫས་དག་ཀྲུང་གོར་སྐྱེལ་བར་རོགས་འདེགས་བྱས་ཏེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ནས་ཕེ་རུ་ལ་སྔར་ལས་མང་བའི་ལས་ཞུགས་གོ་སྐབས་བསྐྲུན་རྒྱུ་ཡིན་ཟེར།
ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀི་ཧོང་གིས་བསྟན་དོན། ཕེ་རུའི་ལས་ཁུངས་དང་ཁེ་ལས་དག་ནི་ནམ་རྒྱུན་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུའི་རྒྱུན་མགྲོན་ཡིན་ཞིང་། ཕེ་རིའི་སྲིད་གཞུང་ཐེངས་མང་བོར་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུར་ཞུགས་མྱོང་བའི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། སྔོན་ཆད་མགྲོན་བདག་རྒྱལ་ཁབ་ཀྱི་འགན་ཡང་ཁུར་མྱོང་། ཕེ་རུའི་སྤུས་ལེགས་སིལ་ཏོག་སོགས་འགྲན་རྩོད་ནུས་པ་ལྡན་པའི་ཐོན་རྫས་དག་ལ་ཀྲུང་གོའི་འཛད་སྤྱོད་པའི་ཡིད་ཆེས་ཐོབ་སྲིད་པ་ཁོ་ཐག་ཡིན་ཟེར།
མཚམས་སྦྱོར་ཚོགས་འདུའི་སྟེང་། ཕེ་རུའི་ཕྱིར་གཏོང་ཚོང་བའི་མཐུན་ཚོགས་དང་ཕེ་རུ་དང་ཀྲུང་གོའི་ཚོང་ཚོགས། ཕེ་རུའི་ཁེ་ལས་པའི་མཐུན་ཚོགས། ཕེ་རུའི་ཚོང་རྟགས་གྲགས་ཅན་དྲོད་འཇམ་གྱི་རྔ་ལུག་ཅེས་པ་སོགས་ལས་ཁུངས་དང་ཁེ་ལས་ཀྱིས་ཡུལ་དངོས་ནས་གན་རྒྱ་འཇོག་པ་དང་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད།
སྐབས་འདིའི་མཚམས་སྦྱོར་ཚོགས་འདུ་ནི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཅུའུ་དང་ཕེ་རུར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ། རྒྱལ་ཁབ་ཚོགས་འགྲེམ་ལྟེ་གནས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། ཕེ་རུའི་ཕྱིར་གཏོང་ཚོང་བའི་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།