ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཟླ5ཚེས31ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་གྱི་མེ་ཤུགས་འཕུར་མདའི་སྒྱོགས་དམག་དཔུང་སྡེའི་རྔམ་སྟོན་གཏོང་འཕེན་བྱེད་པར་ཁྲིད་སྟོན་བྱས་པ་དང་། དེའི་དམིགས་ཡུལ་ནི་ཧན་གོའི་འཁྲུག་སློང་བྱ་སྤྱོད་ལ་ཡ་ལན་སྤྲོད་ཆེད་རེད།
གནས་ཚུལ་སྤེལ་བའི་ནང་ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་གྱི་ཉིང་རྡུལ་དྲག་ཤུགས་ལ་སྔར་ལས་གྲ་སྒྲིག་ཡག་པོ་བྱས་ནས། “དུས་སྐབས་གང་འདྲ་ཞིག་དང་གློ་བུར་དུ་བྱུང་བའི་གནས་ཚུལ་འོག དམག་འཁྲུག་བཀག་འགོག་དང་དམག་འཁྲུག་གི་གཙོ་ཁྲིད་དབང་ཆ་བརྩོན་ལེན་བྱེད་པའི་ལས་འགན་གལ་ཆེན་མགྱོགས་མྱུར་དང་ཡང་དག་པའི་སྒོ་ནས་ལེགས་སྒྲུབ་བྱེད་པར་འགན་ལེན་བྱ་རྒྱུའི”བླང་བྱ་བཏོན་ཡོད།
ཚེས30ཉིན། ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡི་བཤད་ཚུལ་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱིས་ཉིན་དེའི་ཞོགས་པར་ཁྲའོ་ཞན་ཕྱེད་གླིང་གི་ཤར་རྒྱུད་མཚོ་ཁོངས་སུ་ཐག་ཐུང་མདེལ་ལམ་འཕུར་མདེལ་དང་འདྲ་བའི་འཕུར་སྐྱོད་འཕྲུལ་ཆས་བཅུ་ལྷག་ཙམ་གཏོང་འཕེན་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།