དབྱིན་ཇིའི་གྲོས་ཁང་ཚེས་སུམ་ཅུ་ཉིན་དངོས་སུ་གཏོར། དབྱིས་ཇིའི་གྲོས་ཁང་གཏོར་བ་དང་བསྟུན་ནས། གཟའ་འཁོར་ལྔའི་རིང་གི་འདེམ་བསྐོ་ཆེན་མོའི་བྱ་འགུལ་ཡང་མགོ་བརྩམས།
ཟླ་འདིའི་ཚེས་ཉེར་གཉིས་ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ནཱ་ཁི་ཡིས་དབྱིན་ཇིས་ཟླ་བདུན་པའི་ཚེས་བཞི་ཉིན་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་རྒྱུ་ཡིན་པ་དང་། གྲོས་ཁང་གཏོར་དགོས་པའི་རེ་ཞུ་བྱས་ཡོད་པ་ཁྱབ་བསྒྲགས་བྱས་ཤིང་། དབྱིན་ཇིའི་རྒྱལ་པོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པས་རེ་ཞུ་དེ་དང་ལེན་བྱས། དབྱིན་ཇིའི་བཅའ་ཁྲིམས་ལྟར་ན། གྲོས་ཁང་དེ་འདེམ་བསྐོ་མ་བྱས་སྔོན་གྱི་བྱ་བའི་ཉིན་ཉེར་ལྔའི་སྔོན་དུ་རང་འགུལ་གྱིས་གཏོར་བ་རེད།
ཤ་བོ་རིན་མཚོས་བསྒྱུར།