འཇར་མན་སོགས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྡེ་ཁག་གིས་དྲ་ཐོག་ཉེས་བསགས་ལ་རྡུང་རྡེག་གཏོང་བའི་གཞི་རྒྱ་ཆེ་བའི་འགུལ་སྐྱོད་སྤེལ།
2024.05.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཚེས་སུམ་ཅུ་ཉིན་འཇར་མན་དྭངས་གསལ་མེ་ལོང་གི་གཟའ་འཁོར་དུས་དེབ་ཀྱི་དྲ་ལམ་པར་ངོས་སུ་གསལ་བསྒྲགས་སྤེལ་དོན། འཇར་མན་སོགས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྡེ་ཁག་གིས་ཉེ་ལམ་དྲ་ཐོག་ཉེས་བསགས་ལ་གཞི་རྒྱ་ཆེ་བའི་རྡུང་རྡེག་གཏོང་བའི་འགུལ་སྐྱོད་སྤེལ་ཏེ། རྒྱལ་སྤྱིའི་འཛིན་བཟུང་བཀའ་རྒྱ་བཅུ་བཀྲམ་པར་མ་ཟད་མི་བཞི་འཛིན་བཟུང་བྱས་ཟེར།

ཚེས་སུམ་ཅུ་ཉིན་འཇར་མན་གྱི་ཧྥ་ལན་ཁི་ཧྥུའུ་སྤྱི་ཁྱབ་ཞིབ་བཤེར་ཁང་དང་རྒྱལ་ཕྲན་མཉམ་འབྲེལ་ཉེས་དོན་ཉེན་རྟོག་ཅུའུ་ནས་བཤད་རྒྱུར། ཐེངས་འདིའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་འགུལ་སྐྱོད་ཁྲོད། ཁྲིམས་འཛིན་མི་སྣས་ཞབས་ཞུའི་སྒྲིག་ཆས་བརྒྱ་ལྷག་གཞུང་བཞེས་བཏང་ཞིང་། ཁུལ་ཁོངས་ཞབས་ཞུ་ཆིག་སྟོང་སུམ་བརྒྱ་ལྷག་གི་ཁ་བརྒྱབ་པར་མ་ཟད། ཉེན་ཁ་ཆེ་ཞིང་བསམ་ནག་མཉེན་ཆས་ཚོགས་ཁག་མང་པོ་ཞིག་དྲ་ཐོག་ནས་བསུབས་པ་རེད། བསམ་ནག་མཉེན་ཆས་འདི་དག་གློག་ཀླད་གཞན་པར་སུམ་འཛུལ་བྱེད་པའི་ཐད་བཀོལ་སྤྱོད་བྱེད་ཀྱིན་ཡོད། རྟོག་ཞིབ་མི་སྣས་བཤད་པ་ལྟར་ན། མི་མང་པོ་ཞིག་ལ་འཛིན་བཟུང་བཀའ་རྒྱ་བཏང་ཡོད་ཅིང་། ཁོ་ཚོར་ནག་ཉེས་རྩ་འཛུགས་ཀྱི་ཐོབ་ཐང་གིས་བསམ་ནག་མཉེན་ཆས་བརྒྱུད་གཏོང་བྱས་པའི་དོགས་གཞི་ཆེན་པོ་ཡོད་ཟེར།

གསལ་བསྒྲགས་ལྟར་ན། ཚེས་ཉེར་བརྒྱད་དང་ཚེས་ཉེར་དགུ་ཉིན་གྱི་འགུལ་སྐྱོད་ཁྲོད། ཁྲིམས་འཛིན་མི་སྣས་ཡཱ་མེ་ཉི་ཡཱ་དང་། ཧོ་ལན། ཕོར་ཐི་ཀལ། ཝུའུ་ཁི་ལན་སོགས་རྒྱལ་ཁབ་ཀྱི་ཁང་ས་བཅུ་དྲུག་ལ་སྔོག་བཤེར་བྱས་ནས། བདེན་དཔང་འབོར་ཆེན་རྙེད་ཡོད་པ་དང་། ད་ལྟ་ཕྱོགས་སོ་སོས་སྔོག་བཤེར་ལས་རྙེད་པའི་གཞི་གྲངས་ལ་དབྱེ་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར།

ཧི་ལན་དང་། ཧྥ་རན་སི། ཏན་མག དབྱིན་ཇི། ཨོ་སི་ཁྲུ་རི་ཡ། ཨ་མེ་རི་ཁ་སོགས་ནས་ཡོང་བའི་ཁྲིམས་འཛིན་མི་སྣ་ཐེངས་འདིའི་འགུལ་སྐྱོད་ལ་ཞུགས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།