ཀྲུང་གོ་དང་ཨུ་རུ་སིའི་མི་གཞུང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་སྨྱན་བྱད་མཉམ་ལས་ཡན་ལག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པ་མོ་སི་ཁོ་རུ་བསྡུས།
2024.06.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཀྲུང་གོ་དང་ཨུ་རུ་སིའི་མི་གཞུང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་སྨྱན་བྱད་མཉམ་ལས་ཡན་ལག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པ་ཟླ5པའི་ཚེས31ཉིན་ཨུ་རུ་སིའི་རྒྱལ་ས་མོ་སི་ཁོ་རུ་བསྡུས།     རྒྱལ་ཁབ་གཉིས་ཀྱི་སྨྱད་བྱད་དང་གློག་བརྙན་བརྙན་འཕྲིན་ལས་ཁུངས་ཀྱི་འཐུས་མི50ལྷག་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་ན་ནིང་ཚུན་ལ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཕྱིར་དྲན་བྱས་པ་མ་ཟད་ཚད་མཐོའི་གདེང་འཇོག་ཀྱང་བྱས། རྒྱལ་ཁབ་གཉིས་ཀྱི་སྨྱན་བྱད་ཀྱིས་གསར་འགྱུར་གནས་ཚུལ་སྤེལ་བ་དང་ནང་དོན་བརྗེ་རེས་བྱས་པ།    ཐོན་ལས་འཕེལ་རྒྱས་སོགས་མཉམ་ལས་ཐད་མུ་མཐུད་མཉེན་ཤུགས་དང་གསོན་ཤུགས་མངོན་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད།     རིག་མཛོད་སྙན་ཞུའི《དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཏུ་བསྐྱོད་པའི་འཕེལ་རྒྱས་གསང་གྲངས། —ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དུས་རབས་ཀྱི་ཁྱད་ཆོས་དང་ལག་ལེན་གྱི་རིན་ཐང》ཞེས་པའི་ཨུ་རུ་སུའི་ཡི་གེའི་པར་གཞི་ཁྱབ་བསྒྲགས་བྱས།     མཉམ་འབྲེལ་གྱིས་ཆེད་སྒྲིག་གློག་བརྙན《དར་གོས་ལམ་བུའི་ཨ་ལན》སྒྲིག་སྦྱོར་བྱས་ནས་རྒྱལ་ཁབ་གཉིས་སུ་བསྟན།     ཨུ་རུ་སུའི་གཙོ་རྒྱུག་བརྙན་འཕྲིན་འཕྲིན་ལམ་དང་དྲ་རྒྱའི་བལྟ་ཉན་སྟེགས་བུའི་ཐོག“པེ་ཡུས་ལན་ཟློས་གར་ཁང”གི་སྒོ་ཕྱེས།    མོ་སི་ཁི་འཛམ་གླིང་ནང་དོན་ཁྲོམ་རའི་འགྲེམས་སྟོན་ཀྲུང་གོའི་མཉམ་འབྲེལ་འགྲེམས་སྟེགས་དང་།    ཀྲུང་གོ་དང་ཨུ་རུ་སིའི་འགུལ་རིས་ཐོན་ལས་ཀྱི་གྲོས་མོལ་ཚོགས་འདུ།    ཀྲུང་གོ་དང་ཨུ་རུ་སིའི་བརྙན་ཐུང་འགྲན་བསྡུར་སོགས་ལེགས་འགྲུབ་ངང་བསྡུས།   བྱ་འགུལ་དེ་དག་གིས་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ལ་སྐུལ་འདེད་དང་། ཀྲུང་གོ་དང་ཨུ་རུ་སིའི་མཛའ་བརྩེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

ཕྱོགས་གཉིས་པོས་ཚོགས་འདུའི་ནང་དོན་གནད་བསྡུས་ལ་མིང་རྟགས་བཀོད་ནས་ལོ་འཁོར་རྗེས་མའི་བྱ་བའི་འཆར་གཞི་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་སྨྱན་བྱད་ཀྱིས་མཉམ་ལས་གཙོ་གནད་ལས་གཞི70ལྷག་ལ་ཐུན་མོང་གིས་ཇུས་འགོད་དང་ལག་བསྟར་བྱ་རྒྱུ་རེད།

ཤ་བོ་རིན་མཚོས་བསྒྱུར།