ཁུ་ཝེ་ཐེ་རྒྱལ་ཁབ་ཀྱི་ཨའེ་མུས་ཨར་གྱིས་རྒྱལ་རྒྱུད་འཛིན་མི་གསར་པའི་མིང་བཏོན།
2024.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཁུ་ཝེ་ཐེའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཟླ6པའི་ཚེས1ཉིན་སྤེལ་བའི་གནས་ཚུལ་ལྟར་ན།    ཁུ་ཝེ་ཐེའི་ཨའེ་མུས་ཨར་མུས་ཧྲ་ལི་ཡིས་ས་པཱ་ཧི·ཧ་ལི་ཏི་རྒྱལ་རྒྱུད་འཛིན་མི་གསར་པར་མིང་བཏོན།

མུས་ཧྲ་ལི་ཡིས་བསྒྲགས་པའི་ཨའེ་མུས་ཨར་གྱི་བཀའ་རྒྱ་ལྟར་དུ།    ཁུ་ཝེ་ཐེའི་དབུ་བཞུགས་བློན་ཆེན་ཨའེ་ཧ་མའེ་ཏི·ཨ་པུའུ་ཏུའུ་ལཱ་ཡིས་བཀའ་དེ་ནང་བློན་ཨུ་ཡོན་ལྷན་ཁང་ལ་ཕུལ་ནས་དེ་མཚུངས་ཀྱི་རྩ་ཁྲིམས་ཀྱི་བྱེད་ཐབས་སྤྱོད་རྒྱུ་རེད།

ས་པཱ་ཧི·ཧ་ལི་ཏི1953ལོར་སྐྱེས་པ་དང་། དེ་སྔོན་ཁུ་ཝེ་ཐེའི་ཕྱི་འབྲེལ་བློན་ཆེན་དང་།    དབུ་བཞུགས་བློན་ཆེན་གཞོན་པ་དང་པོ་དང་དབུ་བཞུགས་བློན་ཆེན་སོགས་ཀྱི་འགན་འཁུར་མྱོང་།

2023ལོའི་ཟླ12པའི་ཚེས16ཉིན། ཁུ་ཝེ་ཐེའི་ཨའེ་མུས་ཨར་ན་ཝ་ཧྥུའུ་སྐུ་གཤེགས་པ་དང་། ཁུ་ཝེ་ཐེའི་ནང་བློན་ཁང་གིས་ཉིན་དེར་སྐབས་དེའི་རྒྱལ་རྒྱུད་འཛིན་མཁན་མུས་ཧྲ་ལི་གསར་དུ་ཨའེ་མུས་ཨར་ལ་བསྐོས་པ་ཁྱབ་བསྒྲགས་བྱས།     ཁུ་ཝེ་ཐེའི་རྩ་ཁྲིམས་ལྟར་ན།    མུས་ཧྲ་ལི་ཡིས་འགན་བཞེས་རྗེས་ཀྱི་ལོ་གཅིག་ནང་རྒྱལ་རྒྱུད་འཛིན་མི་གསར་པའི་མིང་འདོན་དགོས།

ཤ་བོ་རིན་མཚོས་བསྒྱུར།