རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པ་ནས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་མི་དམངས་གྲོས་ཁང་གི་སྐབས་བཅོ་བརྒྱད་པའི་འདེམས་བསྐོའི་དུས་རིམ་བདུན་པའི་འདེམས་ཤོག་འཕེན་པའི་ལས་དོན་ས་དེའི་དུས་ཚོད་ཟླ6པའི་ཚེས1ཉིན་གྱི་དགོང་མོའི་དུས་ཚོད་དྲུག་བར་མཇུག་བསྒྲིལ་བ་དང་། འདེམས་ཤོག་འཕེན་པའི་ལས་དོན་མཇུག་བསྒྲིལ་བ་འདིའི་སྟེང་ནས2024ལོའི་རྒྱ་གར་གྱི་འདེམས་བསྐོ་ཆེན་མོའི་འདེམས་ཤོག་འཕེན་པའི་ལས་རིམ་མཇུག་རྫོགས་པ་མཚོན་ཡོད།
ད་ཐེངས་ཀྱི་རྒྱ་གར་གྱི་འདེམས་བསྐོ་ཆེན་མོའི་འདེམས་ཤོག་འཕེན་པའི་ལས་དོན་འདི་ཉིད་ཟླ4པའི་ཚེས19ཉིན་ནས་བཟུང་དུས་རིམ་བདུན་ལ་བཀར་ནས་སྤེལ་བ་དང་། འཕེན་ཤོག་འཕངས་པའི་མཇུག་འབྲས་ཟླ6པའི་ཚེས་4ཉིན་ཁྱབ་སྒྲོག་བྱེད་རྒྱུ་རེད། ད་ལོའི་རྒྱ་གར་གྱི་འདེམས་བསྐོ་ཆེན་མོའི་འགྲན་སྡུར་དེ་གཙོ་བོ་སྲིད་སྐྱོང་ཏང་རྒྱ་གར་མི་དམངས་ཏང་གིས་གཙོ་ཁྲིད་བྱེད་ཀྱིན་པའི་རྒྱལ་ཡོངས་དམངས་གཙོའི་མནའ་འབྲེལ་དང་། རྒྱ་གར་རྒྱལ་དམངས་ཚོགས་ཆེན་ཏང་གིས་གཙོ་བྱས་པའི་རྒྱ་གར་རྒྱལ་ཁབ་འཕེལ་རྒྱས་ཀྱི་དཀྱེལ་ཡངས་རང་བཞིན་མནའ་འབྲེལ་བར་སྤེལ་གྱིན་ཡོད་པ་རེད།
ཚེས1ཉིན་གྱི་དགོང་མོ་རྒྱ་གར་སྨྱན་བྱད་ཀྱིས་ཁྱབ་སྒྲོག་བྱས་པའི་དམངས་འདོད་བརྟག་དཔྱད་བྱས་འབྲས་ལྟར་ན། བཅར་འདྲི་དང་ལེན་བྱེད་མཁན་མང་ཆེ་བས་རྒྱལ་ཡོངས་དམངས་གཙོའི་མནའ་འབྲེལ་ལ་སླར་ཡང་རྒྱལ་ཁ་ཐོབ་ཐུབ་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱིན་འདུག
བན་དེ་སྐྱབས་ཀྱིས་བསྒྱུར།