ཟླ6པའི་ཚེས3ཉིན། ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་པོའི་ནུབ་ངོགས་ཀྱི་བྱང་རྒྱུད་གྲོང་ཁྱེར་ན་པུའུ་ལུའུ་སིར་དམག་དོན་བྱ་སྤྱོད་སྤེལ་ནས། ཕ་ལེ་སི་ཐན་གྱི་མི་གསུམ་བསད་ཡོད་ཟེར།
ས་གནས་དེ་གའི་གནས་ཚུལ་ལ་རྒྱུས་ཡོད་མཁན་གྱི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་དམག་དཔུང་ན་པུའུ་ལུའུ་སི་གྲོང་ཁྱེར་དུ་སླེབས་རྗེས། པཱ་ལ་ཐ་ཡུལ་གྱར་བའི་སྒར་ས་ཚུད་པའི་ཤར་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ལ་གློ་བུར་དུ་འཇབ་རྒོལ་བྱས་ནས། གཉེན་སྒྲིག་ཚོགས་ཁང་ཞིག་གི་མཐའ་ཡོངས་སུ་བསྐོར་ཏེ། ས་གནས་དེ་གའི་མི་སྣའི་བར་མེ་འདའ་འཕེན་རེས་བྱས་ཟེར། གནས་ཚུལ་ལ་རྒྱུས་ཡོད་མཁན་གྱིས་བཤད་རྒྱུར། སྐབས་དེར་དབྱི་སི་རལ་དམག་དཔུང་གིས་རླངས་འཁོར་བསྐོར་ནས་དབྱི་སི་རལ་དམག་གི་ཞིབ་བཤེར་ས་ཚིགས་ལ་ཐད་རྒོལ་བྱས་པར་མ་ཟད། དབྱི་སི་རལ་དམག་གི་དམག་མི་གཉིས་བསད་པའི་ཕ་ལེ་སི་ཐན་གྱི་དོགས་ཡོད་ཉེས་ཅན་ཞིག་ལ་སྔོག་བཤེར་བྱེད་བཞིན་ཡོད་ཟེར།
ཚེས3ཉིན། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་རྒྱལ་སྲུང་དམག་དང་མཉམ་དུ་ན་པུའུ་ལུའུ་སི་གྲོང་ཁྱེར་དུ་སོང་ནས། ཕ་ལེ་སི་ཐན་གྱི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད་ཅིང་། དོགས་ཡོད་ཉེས་ཅན་དེས་ལག་ཏུ་མེ་མདའ་ཁྱེར་ནས་འབྲོ་རྩིས་བྱས་པ་ན། ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བསད་པ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།