དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་ཚེས5ཉིན་སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་ལྷག་འཕྲོའི་སྟོབས་ཤུགས་ལ་ཆམ་ཕབ་གཏོང་བ་དང་བདེ་འཇགས་ཀྱི་འགྲན་རྩོད་གཞན་པ་ཐག་གཅོད་བྱེད་པའི་ཐད་ནས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།
དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། སུའུ་ཏཱ་ནེ་དང་པཱ་ཧྲ་ཨར་གྱིས་གཅིག་གྱུར་སྒོས་བལྟས་ན། དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་པར་འདོད།
གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་ཅཱ་ཧྲའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་བལྟས་ན་ཨ་རབ་རྒྱལ་ཁབ་དང་དབྱི་སི་ལན་རྒྱལ་ཁབ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱིས་གཅིག་གྱུར་གྱི་ལངས་ཕྱོགས་བཟུང་ནས། ཕཱ་ལེ་སི་ཐན་མི་དམངས་ཀྱི་དཀའ་སྡུག་མཇུག་སྒྲིལ་དུ་འཇུག་དགོས་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།