ཁཱ་མཱེ་ལུང་གི་སྔོན་ཆད་ཀྱི་ཙུང་ལི་ཧྥེ་ལེ་མིན་སྐབས་དོན་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས།
2024.06.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས6ཉིན་ཁཱ་མཱེ་ལུང་གི་སྔོན་ཆད་ཀྱི་ཙུང་ལི་ཧྥེ་ལེ་མིན་སྐབས་དོན་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས།

ཧྥེ་ལེ་མིན་གྱིས་བདམས་ཐོན་བྱུང་རྗེས་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རང་གི་འགན་ཡུན་ནང་དུ་ཕྱོགས་མང་རིང་ལུགས་ཀྱི་རྩ་དོན་དང་དགོངས་དོན་བརྩི་སྲུང་ནན་མོ་བྱས་ནས། བློ་གཅིག་སེམས་གཅིག་གིས་ཁོངས་གཏོགས་རྒྱལ་ཁབ་དང་གྲོགས་པོ་གཞན་པར་ཞབས་འདེགས་ཞུ་རྒྱུ་ཡིན་པ་ཁས་ལེན་བྱས།

ཧྥེ་ལེ་མིན་གྱིས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་གྱི་སྙིང་སྟོབས་བཟུང་ནས་འཇིགས་ཉེན་དང་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་དགོས་པ་དང་། མཉམ་དུ་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཐབ་འཁྲུག་དང་འཁྲུག་རྩོད་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། རྒྱུན་མཐུད་འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད། རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་བཅས་བྱེད་ཆེད་འགུལ་སྐྱོད་སྤེལ་ནས། མིག་སྔར་དང་བུ་རབས་ཚ་རྒྱུད་ལ་ཕན་བདེ་བསྐྲུན་པར་ཁག་ཐེག་བྱས་ཏེ། མི་ཚང་མར་ལ་རྒྱ་ཡོད་པར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧྥེ་ལེ་མིན་གྱིས་ད་ལོའི་ཟླ9བར་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥ་ལིང་ཞི་སིའི་ཚབ་ཏུ་སྐབས་དོན་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་པ་དང་། འགན་ཡུན་ལོ་ངོ་གཅིག་རེད།

ཧྥེ་ལེ་མིན་ད་ལོར་ལོ76ཡིན་པ་དང་། 2009ལོའི་ཟླ6པ་ནས2019ལོའི་ཟླ1པོའི་བར་ཁཱ་མཱེ་ལུང་གི་ཙུང་ལིའི་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།