ཝང་ཡུང་གདན་ཞུས་ལྟར་ཨུ་རུ་སི་ལ་སོང་ནས་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་བདུན་པར་ཞུགས། 
2024.06.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གདན་དྲངས་པ་ལྟར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་ཀྲུང་གོ་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཟླ6པའི་ཚེས6ནས་ཚེས9ཉིན་བར་ཨུ་རུ་སིའི་ཧྲིན་པིས་ཏི་པའོ་གྲོང་ཁྱེར་དུ་སྤེལ་བའི་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་བདུན་པར་ཞུགས། དེའི་རིང་ཝང་ཡུང་གིས་ཨུ་རུ་སིའི་ཙུང་ལི་གཞོན་པ་ཨའོ་ཝེ་ཨར་ཆིའུ་ཁི་ལ་ཐུག་འཕྲད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས། འཐུས་ཚབ་ཚོགས་པས་ད་དུང་འགྲེམས་སྟོན་ལ་ཞུགས་པའི་ཀྲུང་གོ་ཕྱོགས་ཀྱི་འགྲེམས་སྟེགས་ལ་ལྟ་སྐོར་བྱས

ཤ་བོ་གསེར་མཚོས་བསྒྱུར།