ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་དམག་དཔུང་གི་ཚུར་རྒོལ་བཀག་འགོག་བྱས།
2024.06.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཚེས8ཉིན་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་དམག་དཔུང་གིས་བྱང་རྒྱུད་འཐབ་ཕྱོགས་སུ་ཝུའུ་ཁི་ལན་དམག་དཔུང་ལ་མུ་མཐུད་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས།     ཨུ་རུ་སིའི་མཚོ་ནག་དམག་གྲུ་རུ་ཁག་གིས་ཝུའུ་ཁི་ལན་དམག་དཔུང་གི་མི་མེད་གྲུ་གཟིངས་ལྔ་མེད་པར་བཏང་བ་དང་། ཨུ་རུ་སིའི་དམག་དཔུང་གི་མཁའ་ཟོན་མ་ལག་གིས་ཝུའུ་ཁི་ལན་དམག་དཔུང་གི་སྨི8ཀྱི་ཐད་འཕུར་གནམ་གྲུ་གཅིག་དང་མི་མེད་གནམ་གྲུ71གཏོར་བ་རེད།     ཝུའུ་ཁི་ལན་ཕྱོགས་ཀྱིས་བཤད་རྒྱུར། ཝུའུ་ཁི་ལན་དམག་དཔུང་དང་ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ལཱ་ཧོ་ཧྥུའུ་སོགས་སུ་འཐབ་འཁྲུག་ཚབས་ཆེན་བྱས་པ་དང་། ཁུའུ་ཕི་དབྱང་སི་ཁི་དང་པཱོ་ཁི་ལུའོ་ཧྥུའུ་སི་ཁེ་ས་ཁུལ་དུ་ཝུའུ་ཁི་ལན་དམག་དཔུང་གིས་ཨུ་རུ་སིའི་དམག་དཔུང་ལ་ཕར་རྒོལ་ཐེངས་མང་བྱེད་པ་བཀག་འགོག་བྱས་ཡོད་ཟེར།     འཇར་མན་གྱི་ཙུང་ལི་ཡིས་ཝུའུ་ཁི་ལན་གྱིས་བྱང་ཆིངས་དམག་མི་མངགས་གཏོང་བྱས་ནས་ཨོ་སི་ཁྲུ་ལི་ཡའི་འགོ་འཛིན་གྱིས་ཝུའུ་ཁི་ལན་ཕྱོགས་ཀྱིས་མཁོ་འདོན་བྱས་པའི་མཚོན་ཆ་སྤྱད་དེ་ཨུ་རུ་སིའི་དམིགས་འབེན་ལ་ཕར་རྒོལ་བྱ་རྒྱུ་རེད།

འཇར་མན་གྱི་ཙུང་ལི་ཧྲོ་ཨར་ཚི་ཡིས་ཚེས8ཉིན་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་བར་གྱི་གདོང་ཐུག་ཛ་དྲག་ཏུ་མི་འགྲོ་བར་བྱེད་དགོས་པ་དང་། འཇར་མན་གྱིས་ཝུའུ་ཁི་ལན་ལ་དམག་མི་མངག་མི་སྲིད་ལ། བྱང་ཆིངས་ཀྱིས་ཝུའུ་ཁི་ལན་ལ་དམག་མི་མངགས་པར་ཡང་རྒྱབ་སྐྱོར་མི་བྱེད་ཟེར།

ཚེས8ཉིན་ཨོ་སི་ཁྲུ་རི་ཡའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།    ཨོ་སི་ཁྲུ་རི་ཡའི་རྒྱལ་སྲུང་པུའུ་ཀྲང་ཐན་ནཱ་ཡིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་ཝུའུ་ཁི་ལན་གྱིས་ཝུའུ་ཁི་ལན་ལ་འདོན་སྤྲོད་བྱས་པའི་མཚོན་ཆ་སྤྱད་དེ་ཨུ་རུ་སིའི་མངའ་ཁོངས་ཀྱི་དམིགས་འབེན་ལ་ཕར་རྒོལ་བྱེད་ཆོག་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་མོད། འོན་ཀྱང་བྱེད་སྟངས་དེའི་རིགས་ཚད་ལས་བརྒལ་ཡོད་ཟེར།

ཤ་བོ་རིན་མཚོས་བསྒྱུར།