ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས11ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་གྲོང་ཁྱེར་གྱི་ནུབ་བྱང་ཕྱོགས་ཀྱི་ཏན་སྡེ་བར་ཡོང་ནས་འགུལ་སྐྱོད་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི་དྲུག་བསད་ཟེར།
ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་སྡེ་བའི་ནང་དུ་སོང་རྗེས་སྡོད་ཁང་ཞིག་བཀག་སྡོམ་བྱས་པ་དང་། རོགས་དམག་བཀོད་སྒྲིག་བྱས་པར་མ་ཟད་འཁྲུག་རྩོད་བྱུང་བ་རེད། དབྱི་སི་རལ་གྱི་དམག་མིས་སྒྲ་སྒམ་བཀོལ་ནས་ཁང་བའི་ནང་གི་ན་གཞོན་དེས་རང་སྐྱོན་ངོས་ལེན་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ཁང་བའི་ནང་དུ་ཕྲག་ཁུར་འཕུར་མདའ་གཏོང་འཕེན་བྱས་པ་རེད་ཟེར།
གཞན་ཡང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས11ཉིན་གསལ་སགྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཅེ་ཉིང་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་སྡེ་བ་ཞིག་ཏུ་འགུལ་སྐྱོད་སྤེལ་བ་དང་། དེའི་སྐབས་སུ་སྡོད་ཁང་ཞིག་གི་མཐའ་བསྐོར་བར་མ་ཟད་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་བྱུང་སྟེ། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་ཕོག་ཡོད་ཟེར། དབྱི་སི་རལ་གྱི་མཁའ་དམག་གི་གྱེན་འཕུར་གནམ་གྲུ་ཞིག་འགུལ་སྐྱོད་དེའི་ནང་ཞུགས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།