ཟླ6པའི་ཚེས13ཉིན། ཕཱ་ལེ་སི་ཐན་གྱི་ཅོར་ཏན་གཙང་པོའི་ནུབ་ངོགས་སར་ཡོད་པའི་ཅེ་ཉིང་ཞིང་ཆེན་གྱི་དཔོན་རིགས་དང་ས་གནས་དེ་གའི་གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་གྱིས་བཤད་པ་ལྟར་ན། དབྱི་སི་རལ་དམག་དཔུང་ཉིན་དེར་ཅོར་ཏན་གཙང་པོའི་ནུབ་ངོགས་ཀྱི་གྲོང་ཁྱེར་ཅེ་ཉིང་ཉེ་འགྲམ་གྱི་གྲོང་རྡལ་ཞིག་ཏུ་སོང་ནས་དམག་དོན་བྱ་སྤྱོད་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི3བསད་ཟེར།
ཚེས13ཉིན། ཅེ་ཉིང་ཞིང་ཆེན་གྱི་ཧྲིན་ཀྲང་ཁཱ་མའེ་ལེ·ཨ་པུའུ·ལུའུ་པུའུ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅེ་ཉིང་ལྷོ་རྒྱུད་ཀྱི་ཁཱ་པཱ་ཐིས་ཡཱ་གྲོང་རྡལ་ཏུ་སྤེལ་བའི་དམག་དོན་བྱ་སྤྱོད་ཁྲོད་ཕཱ་ལེ་སི་ཐན་གྱི་མི3བསད་པ་བདེན་དཔང་བྱས། ས་གནས་དེ་གའི་གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་གྱིས་ཀྱང་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཁཱ་པཱ་ཐིས་ཡཱ་གྲོང་རྡལ་གྱི་ཁང་པ་ཞིག་གི་མཐའ་ནས་བསྐོར་ཏེ་ཆུ་ཚོད་འགའ་ཕྱིན་པ་དང་། དེའི་རིང་ཁང་པའི་ནང་ཡོད་པའི་སྐྱེས་པ3དང་མེ་མདའ་འཕེན་རེས་བྱས་བར་མ་ཟད། ཁང་པ་དེའི་ཕྱོགས་སུ་མེ་མདའ་དང་འབར་མདེལ་འགའ་བསྟུད་མུར་འཕངས་ཡོད་ཟེར།
གཞན་ཡང་དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ད་དུང་ཅེ་ཉིང་དང་དེ་བཞིན་ཡུལ་གྱར་བའི་སྒར་སར་དམག་དོན་བྱ་སྤྱོད་སྤེལ་ཡོད། སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ས་གནས་དེ་གའི་ཁྲོམ་གཞུང་མང་པོ་ཞིག་ཏུ་སྐོར་གཡེང་སྟོབས་ཤུགས་བསྣན་ནས། སྨན་བཅོས་མི་སྣ་ཡུལ་གྱར་བའི་སྒར་སར་བསྐྱོད་མི་ཆོག་ཅེས་བཤད། དབྱི་སི་རལ་དམག་དཔུང་གིས་ད་དུང་ས་འདེད་འཕྲུལ་འཁོར་སྤྱད་དེ་འགྲོ་ལམ་དང་རྨང་གཞིའི་སྒྲིག་ཆས་ལ་གཏོར་བཤིག་བཏང་བ་དང་ས་གནས་དེ་གའི་གློག་དྲར་གཏོར་སྐྱོན་བཏང་བའི་དབང་གིས། ཡུལ་གྱར་བའི་སྒར་ས་དང་དེ་བཞིན་མཐའ་འཁོབ་ས་ཁུལ་གྱི་གློག་རྦད་དེ་བཅད་ཡོད། ཨཱ་པུའུ·ལུའུ་པུའུ་ཡིས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཅེ་ཉིང་ཡུལ་གྱར་བའི་སྒར་ས་དམག་དོན་བྱ་སྤྱོད་སྤེལ་ས་རུ་བརྩིས་ཏེ། འབྲེལ་ཡོད་མི་སྣ་འགྲོ་འོང་བྱེད་མི་ཆོག་པའི་ཁྱབ་སྒྲོག་བྱས་ཡོད་ཟེར།
ཚེས13ཉིན། དབྱི་སི་རལ་དམག་དཔུང་གི་མགྲིན་ཚབ་པ་ཨཱ་ཏི་ལཱ་དབྱི་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་དང་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ། དེ་བཞིན་མཐའ་སྲུང་སྟོབས་ཤུགས་བཅས་ཀྱིས་ཅེ་ཉིང་ས་ཁུལ་དུ་དུས་ཡུན་དུས་ཚོད་བཅུ་གསུམ་རིང་གི་དམག་དོན་བྱ་སྤྱོད་སྤེལ་བ་དང་། དབྱི་སི་རལ་ཕྱོགས་ཀྱིས་བྱ་སྤྱོད་སྤེལ་བའི་རིང་ལ། ས་འདེད་འཕྲུལ་འཁོར་སྤྱད་དེ་ལམ་བཏོད་དེ་ལམ་ངོས་སུ་སྦས་པའི་འབར་གས་སྒྲིག་ཆས་མེད་པར་བཟོས་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།