ཕུའུ་ཅིན་གྱིས་ཨུ་རུ་སུ་དང་ཝུའུ་ཁི་ལན་བར་གྱི་གདོང་ཐུག་གི་དམག་འཁྲུག་མཚམས་འཇོག་རྒྱུའི་ཆ་རྐྱེན་བཏོན།
2024.06.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཚེས14ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཝུའུ་ཁི་ལན་ཕྱོགས་ཀྱིས་དམག་དཔུང་ཏུན་ཉེ་ཚི་ཁི་དང་། ལུའུ་ཀན་སི་ཁི།  ཀྲ་པོ་ལུའོ་རི། ཧི་འར་སུང་ས་ཁུལ་བཅས་ནས་ཕྱིར་འཐེན་བྱས་ནས།   བྱང་ཆིངས་ཀྱི་ནང་དུ་མི་ཞུགས་པ་ཁྱབ་སྒྲོག་བྱས་ན།  ཨུ་རུ་སུ་ཕྱོགས་ཀྱིས་དུས་སྐབས་དང་པོའི་ནང་དམག་འཁྲུག་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་ནས་གྲོས་མོལ་བྱེད་མགོ་རྩོམ་རྒྱུ་ཡིན་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།