ཕེ་ལེ་ཀི་ལེ་ཉི་ཡིས་སི་ལོ་ཝ་ཁིའི་ཙུང་ཐུང་གི་འགན་འཁུར།
2024.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཚེས15ཉིན་སི་ལོ་ཝ་ཁིའི་རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་དཔོན་ཟུར་པ་ཕེ་ལེ་ཀི་ལེ་ཉི་ཡིས་རྒྱལ་ས་པུའུ་ལ་ཏི་སི་ལ་ཧྥ་རུ་སི་ལོ་ཝ་ཁིའི་ཙུང་ཐུང་གི་འགན་འཁུར་བའི་དམ་བཅའ་བཞག་པ་དང་འགན་འཁུར་ཡུན་ལོ5རེད།

ཕེ་ལེ་ཀི་ལེ་ཉི་ཡིས་འགན་བཞེས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། མིག་སྔར་སི་ལོ་ཝ་ཁི་དཀའ་ངལ་ཧ་ཅང་ཆེ་བའི་དུས་སྐབས་སུ་གནས་ཡོད་པ་དང་།  ཡུན་རིང་མ་འགོར་བའི་སྔོན་དུ་ཙུང་ལི་ཧྥེ་ཙུའོ་ལྐོག་གསོད་བྱས་པ་དེས་མིག་སྔའི་ཟང་ཟིང་ཛ་དྲག་གི་རྣམ་པ་འདི་བྱུང་བ་རེད།   ཁོས་སྤྱི་ཚོགས་ལས་རིགས་སོ་སོས་མཐུན་སྒྲིལ་གྱི་གོང་བུར་འགྲིལ་ཤུགས་ལྡན་པའི་སྤྱི་ཚོགས་ཤིག་མཉམ་དུ་བསྐྲུན་ཏེ། སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་བསྐྲུན་རྒྱུའི་ཁས་ལེན་བྱས།

ཕེ་ལེ་ཀི་ལེ་ཉི་ད་ལོ་ལོ48ལ་བུད་ཡོད་ཅིང་། 2018ལོ་ནས2020ལོའི་བར་སི་ལོ་ཝ་ཁིའི་ཙུང་ལིའི་འགན་འཁུར་བ་དང་།  2023ལོའི་ཟླ10པར་སི་ལོ་ཝ་ཁིའི་རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་དཔོན་ལ་བདམས་ཐོན་བྱུང་བ་རེད། ད་ལོའི་ཟླ4པའི་ཟླ་འགོར་སྤེལ་བའི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་འཕེན་སྐབས།  ཕེ་ལེ་ཀི་ལེ་ཉི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཁི་འར་ཆའོ་ཁི་ལས་རྒྱལ་ཏེ་འདེམས་བསྐོ་ལ་རྒྱལ་ཁ་ཐོབ་པ་རེད།

ཕེ་ལེ་ཀི་ལེ་ཉི་ནི་སི་ལོ་ཝ་ཁིའི1993ལོར་རང་བཙན་བྱས་ཚུན་གྱི་ཙུང་ཐུང་སྐབས་དྲུག་པ་དེ་ཡིན་པ་དང་།  ཁོའི་སྔོན་གྱི་ཆ་ཕུའུ་ཐོ་ཝའི་འགན་འཁུར་ཡུན་ཟླ་6པའི་ཚེས15ཉིན་ལོང་རྒྱུ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།