ཚེས15ཉིན་གྱི་དགོང་མོ་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་དམག་མི8ཉིན་དེར་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལ་ཧྥ་རུ་བྱུང་བའི་འགས་གཏོར་དོན་རྐྱེན་ཞིག་གི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།
དབྱི་སི་རལ་དམག་དཔུང་གིས་ཐོག་མའི་བརྟག་དཔྱད་བྱས་པ་ལྟར་ན། འགས་གཏོར་དེ་ཚེས15ཉིན་གྱི་དུས་ཚོད5ཡས་མས་སུ་བྱུང་བ་དང་། སྐབས་དེར་དབྱི་སི་རལ་དམག་དཔུང་གི་ཁྲབ་ལྡན་རླངས་འཁོར་རུ་ཁག་ཅིག་དབྱི་སི་རལ་དམག་དཔུང་གིས་ཚོད་འཛིན་བྱས་པའི་འཛུགས་སྐྲུན་ཞིག་གི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད། དེའི་ནང་གི་ཁྲབ་ལྡན་རླངས་འཁོར་ཞིག་གློ་བུར་དུ་འགས་གཏོར་བྱུང་ནས་རླངས་འཁོར་ནང་གི་དམག་མི8ཚང་མ་གནས་དེ་རུ་ཚེ་ལས་འདས་ཡོད་པ་རེད།
མིག་སྔར་འགས་གཏོར་བྱུང་བའི་རྒྱུ་མཚན་ནི་སྔོན་ལ་འབར་མདེལ་བཞག་པ་ཡིན་ནམ། ཡང་ན་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་ཁྲབ་ལྡན་རླངས་འཁོར་དེའི་འགྲམ་དུ་བཅར་ནས་འགད་རྫས་སྒྲིག་ཆས་བཞག་པ་གང་ཡིན་པ་ད་དུང་གཏན་འཁེལ་བྱེད་ཐུབ་ཀྱི་མེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།