ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་ལྔ་ཉིན་ཆ་འཕྲིན་སྤེལ་ནས་བཤད་རྒྱུར། ཨུ་རུ་སི་དང་ཨེ་ཅིབ་ཀྱིས་ཉིན་དེར་ས་དབུས་རྒྱ་མཚོ་རུ་མཉམ་འབྲེལ་དམག་དོན་འཁྲབ་སྦྱོང་སྤེལ།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཞི་བདེ་རྒྱ་མཚོའི་དམག་གྲུ་རུ་ཁག་ཝ་ལེང་གི་རྟགས་ཅན་གྱི་འཕུར་མདའ་མཚོ་སྐོར་དམག་གྲུ་དང་ཧྲ་པོ་ཧྲི་ཉི་ཁི་ཧྥུའུ་དམག་སྤྱི་རྟགས་ཅན་གྱི་སྲུང་སྐྱེལ་དམག་གྲུས་གྲུབ་པའི་རུ་ཁག་དང་། ཨེ་ཅིབ་ཀྱི་མཚོ་དམག་ཁཱ་ཏེ་ཨར་རྟགས་ཅན་གྱི་སྲུང་སྐྱེལ་དམག་གྲུ་ཐེངས་འདིའི་འཁྲབ་སྦྱོང་ལ་ཞུགས།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས། ཐེངས་འདིའི་མཉམ་འབྲེལ་འཁྲབ་སྦྱོང་ནི་ཨུ་རུ་སི་དང་ཨེ་ཅིབ་ཀྱི་མཚོ་དམག་མཉམ་ལས་ལ་ཤུགས་སྣོན་པའི་གོ་རིམ་དངོས་ཡིན་ལ། འཁྲབ་སྦྱོང་དེ་སྣོལ་འདྲེས་འཁྲབ་སྦྱོང་གི་རྣམ་པ་སྤྱད་དེ་སྤེལ་རྒྱུ་ཡིན་པ་དང་། འཁྲབ་སྦྱོང་གི་ནང་དོན་ཁྲོད་མཉམ་འབྲེལ་འཕྲུལ་སྒུལ་དང་འཕྲིན་གཏོང་བ། ཞིབ་བཤེར་འགུལ་སྐྱོད་འཁྲབ་སྦྱོང་བཅས་འདུ།
རིན་ཆེན་མཚོས་བསྒྱུར།