དབྱི་ལིང་དང་སུའེ་ཏེན་རྒྱལ་ཁབ་གཉིས་ཀྱིས་ཚེས་བཅོ་ལྔ་ཉིན་ཕན་ཚུན་གྱིས་བཀག་སྐྱིལ་བྱས་པའི་མི་སྣ་བཙོན་གྲོལ་བཏང་། དབྱི་ལིང་གིས་སུའེ་ཏེན་གྱི་སྤྱི་དམངས་གཉིས་བཙོན་གྲོལ་བཏང་བ་དང་། སུའེ་ཏེན་གྱིས་དབྱི་ལིང་གི་སྤྱི་དམངས་གཅིག་བཙོལ་གྲོལ་བྱས།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་སྤྱི་དམངས། སྔོན་ཆད་ཀྱི་ཁྲིམས་འཛིན་དཔོན་པོ་ཧྭ་མིས་ཏི.ནུའུ་ལིས་ཉིན་དེར་ཕྱིར་དབྱི་ལིང་གི་རྒྱལ་ས་ཐེ་ཧེ་རན་དུ་ལོག ནུའུ་ལིས་ནོར་འཁྲུལ་གྱི་སྐྱོན་འཛུགས་ཀྱི་དབང་གིས་སུའེ་ཏེན་སི་ཐོག་ཁོར་མོ་གནམ་གྲུ་ཐང་ནས་འཛིན་བཟུང་བྱས་པར་མ་ཟད། ལོ་བཞི་ཡན་ལ་བཙོན་འཇུག་བྱས། དབྱི་ལིང་གི་ཁྲིམས་འཛིན་ལས་ཁུངས་རྒྱལ་སྤྱིའི་ལས་དོན་གྱི་སྤྱིའི་ལྟ་སྐུལ་བ་གཞོན་པ་ཁཱ་ཙི་མུའུ.ཅཱ་ལིས་པཱ་པཱ་ཏེ་ཡིས་ནུའུ་ལིས་ཕྱིར་དབྱི་ལིང་དུ་ལོག་པར་དགའ་བསུ་ཞུ་བཞིན་ཡོད་པའི་ཚུལ་བསྟན།
དེ་ལས་གཞན་སུའེ་ཏེན་སྨྱན་བྱད་ཀྱིས་ཚེས་བཅུ་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། སུའེ་ཏེན་གྱིས་ཚེས་བཅོ་ལྔ་ཉིན་དབྱི་ལིང་གི་སྔོན་ཆད་ཀྱི་དཔོན་པོ་ཧྭ་མིས་ཏི.ནུའུ་ལིས་བཙོན་གྲོལ་བཏང་བ་དང་། དེའི་བརྗེ་སྤོར་གྱི་ལན་དུ། དབྱི་ལིང་གིས་ཉིན་དེར་སུའེ་ཏེན་གྱི་སྤྱི་དམངས་ཡོ་ཧྭན.ཧྥུའུ་ལའོ་ཏི་ལུའུ་སི་དང་སའེ་དབྱི་ཏི.ཨཱ་ཆི་ཚི་གཉིས་བཙོན་གྲོལ་བཏང་བ་དང་། ཁོ་ཚོ་ཉིན་དེའི་དགོང་མོར་སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོར་འབྱོར།
རིན་ཆེན་མཚོས་བསྒྱུར།