ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་གནད་དོན་གྱི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།
2024.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས16ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་འཐུས་ཚབ་ཚོགས་པ་མངག་ནས་མི་འགྱངས་པར་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་གནད་དོན་གྱི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར།

མུའུ་ཅཱ་ཞེ་ཏི་ཡིས་ཉིན་དེར་ས་དེའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གྲོས་ཚོགས་ནས་གཙོ་བོ་ཨ་ཧྥུའུ་ཧན་གྱི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐཡོར་འདོན་སྤྲོད་བྱེད་པ་དང་། ཨ་ཧྥུའུ་ཧན་དུ་དངུལ་གཏོང་གོ་སྐབས་གསར་བསྐྲུན་བྱེད་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་དཔྱད་འཇོག་བྱས་ཏེ་བལྟས་ན། ཐེངས་འདིའི་གྲོས་ཚོགས་དེ་ཨ་ཧྥུའུ་ཧན་གྱི་ཁེ་ཕན་ཆེན་པོར་འཚམ་པ་ཡིན་པར་འདོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་གནད་དོན་གྱི་གྲོས་ཚོགས་དེ་ཟླ6པའི་ཚེས30ཉིན་ནས་ཟླ7པའི་ཚེས1ཉིན་བར་ཏའོ་ཧཱ་ནས་བསྡུ་རྒྱུ་རེད།

དེའི་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་གནད་དོན་གྱི་གྲོས་ཚོགས་སོ་སོར2023ལོའི་ཟླ5བ་དང2024ལོའི་ཟླ2པར་ཏའོ་ཧཱནས་བསྡུས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།