ནེ་པ་ལའི་ཙུང་ཐུང་ཚབ་མ་ཡཱ་ཏཱ་ཧྥུའུ་དང་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ་སོ་སོས་པཱ་ཐུའར་དང་ཐུག་འཕྲད་བྱས།
2024.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ནེ་པཱ་ལའི་ཙུང་ཐུང་ཚབ་མ་ཡཱ་ཏཱ་ཧྥུའུ་དང་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ་སོ་སོས་ཚེས14ཉིན་དང་ཚེས16ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པཱ་ཐུའར་དང་ཐུག་འཕྲད་བྱས།

པཱ་ཐུའར་གྱིས་ནེ་པཱ་ལའི་མགོ་ཁྲིད་པར་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཀྲུང་གོའི་མགོ་ཁྲིད་རྣམས་ཀྱི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྒྲོག་བྱས་ནས། ཀྲུང་གོ་དང་ནེ་པཱ་ལ་གཉིས་ནི་རི་ཆུ་ལྟར་འབྲེལ་ཞིང་དང་དུས་རབས་ཀྱི་མཛའ་གྲོགས་ཡིན་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ནེ་པ་ལའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་གང་ལེགས་བྱེད་ཅིང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་ནས། ཀྲུང་གོ་དང་ནེ་པ་ལའི་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན།

ནེ་པཱ་ལའི་མགོ་ཁྲིད་པས་པཱ་ཐུའར་བརྒྱུད་དེ་ཀྲུང་གོའི་མགོ་ཁྲིད་རྣམས་ལ་བཀྲ་ཤིས་སྨོན་འདུན་ཞུས་ཤིང་། ཀྲུང་གོའི་ཕྱོགས་ཀྱིས་ནེ་པ་ལའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་དུས་ཡུན་རིང་པོར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ནེ་པ་ལའི་ཕྱོགས་ཀྱིས་ཀྲུང་གོའི་གཅིག་གི་རྩ་དོན་བརྟན་སྲུང་བྱེད་ཅིང་། སྟོབས་ཤུགས་གང་གིས་ཀྱང་ནེ་པཱ་ལའི་རྒྱལ་ཁོངས་བེད་སྤྱད་དེ་ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་བཏང་མི་ཆོག་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཅེས་བསྟན།

པཱ་ཐུའར་ནེ་པཱ་ལས་གདན་འདྲེན་ཞུས་པ་ལྟར་ཚེས14ཉིན་ནས་ཚེས17ཉིན་བར་ནེ་པ་ལར་འཚམས་འདྲི་ལ་ཕེབས་པ་དང་། དེའི་སྐབས་སུ་ནེ་པ་ལའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་མཁན་ཧྲི་ལའེ་སཱི་ཐཱ་དང་། གྲོས་ཁང་གི་གྲོས་དཔོན་གཞོན་པ་ལཱ་ནཱ་གཉིས་ལ་ཐུག་འཕྲད་བྱས།

ལྷ་མོ་འཚོས་བསྒྱུར།