ཧྥུའུ་ཧྭ་ཡིས་དབྱིན་ཇིའི་ཚགས་པར་མཉམ་འབྲེལ་སྡེ་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཞེ་ལེ་དང་ཐུག་འཕྲད་བྱས།
2024.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཚེས17ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་ཧྥུའུ་ཧྭ་ཡིས་ལོན་ཏོན་དུ་དབྱིན་ཇིའི་ཚགས་པར་མཉམ་འབྲེལ་གསར་འགྱུར་སྡེ་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཨའེ་སྨི་ལི·ཞེ་ལེ་དང་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པ་རེད།

ཧྥུའུ་ཧྭ་ཡིས་དབྱིན་ཇིའི་ཚགས་པར་མཉམ་འབྲེལ་ཁང་ནི་ཞིན་ཧྭ་གསར་འགྱུར་ཁང་གི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀྱིས་པར་རིས་ལས་ཚབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད། ཕྱོགས་གཉིས་ཀྱིས་བརྗེ་རེས་ཐད་སྔར་ལས་ཤུགས་བསྣན་ནས་ཀྲུང་དབྱིན་འགྲོ་འོང་མཉམ་ལས་ཀྱི་གཏམ་རྒྱུད་མཉམ་དུ་ཡག་པོར་བཤད་དེ། ད་ཡོད་ཀྱི་རྨང་གཞིའི་སྟེང་མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་མང་པོའི་བརྗེ་རེས་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་ཡིན་པར་མ་ཟད།  འཛམ་གླིང་རྩེ་ཚོགས་ཀྱི་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་སྒུག་བྱེད་ཀྱི་ཡོད་ཟེར།

ཞེ་ལེ་ཡིས་ཧྥུའུ་ཧྭ་འཚམས་འདྲིར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཞེ་ལེ་ཡིས་ཚགས་པར་མཉམ་འབྲེལ་གསར་འགྱུར་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་བར་གྱི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། མིས་བཟོས་རིག་ནུས་དང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སོགས་ཁྱབ་ཁོངས་སུ་ཞིན་ཧྭ་གསར་འགྱུར་ཁང་གིས་བླངས་པའི་གྲུབ་འབྲས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད།   ཕྱོགས་གཉིས་ཀྱིས་སྔར་ཡོད་མཉམ་ལས་ཀྱི་རྨང་གཞིའི་སྟེང་མཉམ་ལས་ཀྱི་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཟེར།

ཉིན་དེར་ཧྥུའུ་ཧྭ་ཡིས་ད་དུང་ལུའུ་ཐིའུ་གསར་འགྱུར་ཁང་ལོན་ཏོན་གསར་འགྱུར་རྩོམ་སྒྲིག་པུའུ་ལ་ལྟ་སྐོར་བྱས།

གཡང་འབུམ་རྒྱལ་གྱིས་བསྒྱུར།