ཚེས17ཉིན་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤེལ་ནས། ཟླ6ཚེས17ཉིན་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་བདེན་དཔང་འོག རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་སུའུ་ཧྲིག་དང་ཨོ་སི་ཁྲུ་ལི་ཡའི་རྒྱལ་མཛོད་པུའུ་ཀྲང་ཁྲ་མོ་སི་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་ཚབ་བྱས་ནས། 《ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འཐབ་ཇུས་དཔལ་འབྱོར་གླེང་མོལ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གི་བསམ་ཤེས་དྲན་ཐོ》ལ་མིང་རྟགས་བཀོད་པ་རེད། ཕྱོགས་གཉིས་ཀྱིས་འཐབ་ཇུས་དཔལ་འབྱོར་གྱི་གླེང་མོལ་ཡང་བསྐྱར་བྱེད་མགོ་བརྩམས་ནས་འཐབ་ཇུས་རང་བཞིན་དང་རྒྱང་ལྟ་རང་བཞིན་གྱི་དཔལ་འབྱོར་བརྗོད་གཞི་ལ་དམིགས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་གཏུག་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ། དངོས་གཉེར་དང་ནུས་ལྡན་གྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བར་མོས་མཐུན་བྱུང་།
གཡང་འབུམ་རྒྱལ་གྱིས་བསྒྱུར།