དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལ་དཔུང་འཇུག་བྱེད་པའི་འཐབ་འཁྲུག་འཆར་གཞིར་ཆོག་མཆན་བཀོད།
2024.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས18ཉིན་བཤད་རྒྱུར། ལེ་པཱ་ནུན་ལ་དཔུང་འཇུག་བྱེད་པའི་འཐབ་འཁྲུག་འཆར་གཞིར་ཆོག་མཆན་ཐོབ་ཡོད་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས18ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་དང་ལེ་པཱ་ནུན་གྱི་མཐའ་མཚམས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཐག་གཅོད་བྱེད་ཆེད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་བྱང་ཕྱོགས་དམག་སྤྱི་ཁང་གི་དམག་སྤྱི་ཀི་ཨར་ཏེན་དང་འགུལ་སྐྱོད་ཅུའུ་ཡི་ཅུའུ་ཀྲང་པཱ་ཞི་ཝུའུ་ཁི་གཉིས་ཀྱིས་ལེ་པཱ་ནུན་དུ་དམག་དོན་འགུལ་སྐྱོད་སྤེལ་བའི་འཆར་གཞིར་ཆོག་མཆན་བཀོད་པར་མ་ཟད། བྱང་ཕྱོགས་དམག་སྤྱི་ཁང་གིས་གནས་བབ་ལ་དཔྱད་འཇོག་བྱས། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་གཡུལ་སའི་དམག་དཔུང་གི་དམག་གྲབས་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་རེད་ཟེར། གསལ་སྒྲོག་ལས་འཐབ་འཁྲུག་འཆར་གཞིའི་བྱེ་བྲག་གི་གནས་ཚུལ་གསལ་བོར་གླེང་མེད།

དབྱི་སི་རལ་དང་ལེ་པཱ་ནུན་གྱི་གནས་བབ་ཉེ་སྔོན་བསྟུད་མར་ཛ་དྲག་ཏུ་གྱུར། དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་དུ་ཚེས18ཉིན་ཐེངས་མང་བོར་ལེ་པཱ་ནུན་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས། གཞན་ཡང་ལེ་པཱ་ནུན་དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་མི་བསྡད་མེད་པའི་གནམ་གྲུས་ཚེས18ཉིན་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་སྡེ་བར་བར་སྣང་འཇབ་རྒོལ་བྱས་ཏེ་མི་སེར་དཀྱུས་མ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་དགུར་རྨས་ཕོག་ཡོད་ཟེར།

ཟླ་འདིའི་ཚེས5ཉིན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བྱང་ཕྱོགས་ཀྱི་མཁར་གྲོང་ཞེ་མའོ་ནཱའི་དམག་དོན་རྟེན་གཞི་ཞིག་ཏུ་རྟོག་ཞིབ་བྱེད་སྐབས་བསྟན་དོན། དབྱི་སི་རལ་ཕྱོགས་ཀྱིས་བྱང་ཕྱོགས་ནས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ལ་ངོ་རྒོལ་དྲག་པོ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། ཀི་ཨར་ཏེན་གྱིས་བཤད་རྒྱུར། ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་ལ་འཇབ་རྒོལ་བྱེད་པའི་བཀོད་སྒྲིག་བྱ་བ་ཡོངས་འགྲུབ་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།