ཚེས20ཉིན་མཱ་ལཱ་ཝེ་ཡི་ཙུང་ཐུང་ཁྲ་ཁི་ཝེ་ལཱ་ཡིས་རང་བྱུང་ཐོན་ཁུངས་དང་གནམ་གཤིས་འགྱུར་ལྡོག་པུའུ་ཀྲང་ཝུའུ་ཞི་ཙུང་ཐུང་གཞོན་པར་བསྐོ་གཞག་བྱས་ནས། གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཙུང་ཐུང་གཞོན་པ་ཆི་ལི་མཱའི་ཚབ་ཏུ་འགན་ཁུར།
ཚེས20ཉིན་ཙུང་ཐུང་མཱ་ལཱ་ཝེ་དང་སྲིད་འཛིན་ལས་ཁུངས་གཞུང་ལས་ཁང་གིས་ཁྲ་ཁེ་ཝེ་ལཱ་ཡིས་རྩ་ཁྲིམས་ཀྱི་དབང་ཆ་སྤྱད་དེ་ཝུའུ་ཞི་ཙུང་ཐུང་གཞོན་པར་བསྐོ་གཞག་བྱས་པ་དང་། བསྐོ་གཞག་ལ་མྱུར་དུ་ནུས་པ་ཐོན་པ་ཁྱབ་བསྒྲགས་བྱས་པ་རེད། ཝུའུ་ཞི་ཡི་འགན་བཞེས་མཛད་སྒོ་དེ་ས་དེའི་དུས་ཚོད་ཚེས21ཉིན་གྱི་ཕྱི་དྲོར་གྲོས་ཚོགས་ཐོག་ཁང་ཆེན་ཆེན་མོ་རུ་བསྡུ་རྒྱུ་རེད།
ཝུའུ་ཞི་ནི1968ལོར་སྐྱེས་པ་དང་། 2019ལོར་ཆི་ལི་མཱའི་འདེམས་བསྐོའི་འགྲན་ཡའི་ངོས་ནས་ཙུང་ཐུང་འདེམས་བསྐོའི་ནང་ཞུགས་པ་དང་། 2020ལོར་མཱ་ལཱ་ཝེའི་ཡུལ་སྐོར་དང་རིག་གནས། རི་སྐྱེས་སྲོག་ཆགས་བཅས་ཀྱི་པུའུ་ཀྲང་ལ་བསྐོ་གཞག་བྱས་པ་རེད།
ཟླ་འདིའི་ཚེས10ཉིན། ཆི་ལི་མཱ་སྡོད་པའི་དམག་བཀོལ་གནམ་གྲུ་ཆུང་བ་མཱ་ལཱ་ཝེའི་རྒྱལ་ས་ལི་ལུང་ཀུའེ་ནས་འཕུར་རྗེས་འབྲེལ་ཐག་ཆད་པ་རེད། ཚེས11ཉིན་ཁྲ་ཁི་ཝེ་ལཱ་ཡིས་ཆི་ལི་མཱ་སྡོད་པའི་དམག་དོན་གནམ་གྲུའི་ཆག་རོ་རྙེད་པ་དང་། གནམ་གྲུའི་ནང་གི་མི་སྣ་ཚང་མ་རྐྱེན་ལམ་དུ་ཤོར་ཡོད་ཟེར། ཚེས17ཉིན་ཆི་ལི་མཱ་ཕ་ཡུལ་དུ་དུར་འཇུག་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།