ཕ་ལེ་སི་ཐན་གྱིས་ཡ་མེ་ནི་ཡས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་པར་བསྟོད་པ་བྱེད་ཀྱིན་ཡོད་ཟེར།
2024.06.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཕ་ལེ་སི་ཐན་ཙུང་ཐུང་བཞུགས་ཤག་གིས་ཚེས21ཉིན་གསལ་བསྒྲགས་སྤེལ་ནས། ཡ་མེ་ནི་ཡས་ཉིན་དེར་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་པར་བསྟོད་པ་བྱེད་ཀྱིན་ཡོད་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། ཕ་ལེ་སི་ཐན་གྱིས་ཡ་མེ་ནི་ཡའི་དཔའ་ངར་ལྡན་ཞིང་གལ་ཆེ་བའི་ཐག་གཅོད་དེར་བསྟོད་པ་བྱེད་ཀྱིན་ཡོད་པ་དང་། དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པ་དང་ས་ཁུལ་ཞི་བདེ་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་གོམ་རིམ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་སྙམ།

ཕ་ལེ་སི་ཐན་དབྱི་སི་ལན་ངོ་རྒོལ་ལས་འགུལ་གྱིས་ཀྱང་ཉིན་དེར་གསལ་བསྒྲགས་སྤེལ་ནས། ཡ་མེ་ནི་མས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་པ་དྲིལ་སྒྲོག་བྱས་པར་དགའ་བསུ་ཞུས་པ་དང་། ཧྭ་མ་སིས་དེ་ནི་ཕ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་དབང་ཆ་ཁས་ལེན་བྱེད་པ་དང་། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་བཙན་བཟུང་བྱེད་པ་མཇུག་རྫོགས་པ་མ་ཟད་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་པའི་ཐད་སྤོས་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་ཟེར།

ལོ་ངོ་མང་པོའི་རིང་ལ། ཕ་ལེ་སི་ཐན་གྱིས་རྒྱལ་ཁབ་འཛུགས་པར་བཀག་འགོག་ཆེན་པོ་ཐོབ་ན་ཡང་། ཕ་ལེ་སི་ཐན་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་ཁས་ལེན་རྒྱ་ཆེར་ཐོབ་ཡོད། ད་ལོའི་ཟླ་ལྔ་པའི་ཚེས་ཉེར་བརྒྱད་ཉིན། ནོར་ཝེ་དང་སི་ཕན། ཨིར་ལན་བཅས་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གིས་སོ་སོར་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་པ་ཁྱབ་བསྒྲགས་བྱས་པ་དང་། ཟླ་དྲུག་པའི་ཚེས་བཞི་ཉིན། སི་ལའོ་ཝུན་ཉི་ཡས་ཀྱང་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་པ་ཁྱབ་བསྒྲགས་བྱས།

རིན་ཆེན་མཚོས་བསྒྱུར།