དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས22ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་ལེ་པཱ་ནུན་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མགོ་ཁྲིད་པ་གཙོ་བོ་ཞིག་བསད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་ལེ་པཱ་ནུན་ཤར་ཕྱོགས་ཀྱི་པེ་ཁཱ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། ཨེ་མན་ཅཱ་ཐི་མཱ་བསད་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཅཱ་ཐི་མཱ་ཡིས་ལེ་པཱ་ནུན་དུ་སྡོད་པའི་ཧཱ་མཱ་སི་སོགས་རྩ་འཛུགས་ལ་མཚོན་ཆ་འདོན་སྤྲོད་བྱེད་པའི་འགན་ཁུར་ཡོད་ཟེར།
དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་ཕྱོགས་ཀྱིས་ལེ་པཱ་ནུན་དང་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་དུ་གནས་གཏན་འཁེལ་གྱི་གཙང་ཕྱགས་འགུལ་སྐྱོད་དུས་མཉམ་དུ་སྤེལ་བ་དང་། ཅཱ་ཐི་མཱ་བསད་པར་མ་ཟད། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་དུ་བར་སྣང་འཇབ་རྒོལ་བྱས་ཡོད་ལ། དམིགས་འབེན་ནི་ཧཱ་མཱ་སིའི་མཐོ་རིམ་བཀོད་འདོམ་དཔོན་པོ་ལཱ་ཏི་སཱ་ཨ་ཏི་ཡིན། མིག་སྔར་སཱ་ཨ་ཏི་གསོན་ཡོད་མེད་ཀྱི་གནས་ཚུལ་བསྒྲགས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།