ཀུའུ་ཐི་ལོས་སི་ཡིས་ཨུ་རུ་སིའི་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བར་རྒོལ་གཏམ་དྲག་པོ་བཏང་།
2024.06.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས24ཉིན་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་བརྒྱུད་དེ་གསལ་སྒྲོག་སྤེལ་ཏེ། ཚེས23ཉིན་ཨུ་རུ་སིའི་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཁ་ཚིག་དྲག་པོས་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ནས་ཆོས་ལུགས་ཆོ་ག་སྤེལ་ས་དང་བདེ་འཇགས་དམག་དཔུང་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བར་རྒོལ་གཏམ་བཏང་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་འདས་པོའི་ཁྱིམ་མི་དང་ཨུ་རུ་སིའི་མི་དམངས། སྲིད་གཞུང་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་མཱ་ཧཱ་ཆི་ཁཱ་ལཱ་གྲོང་ཁྱེར་དང་། ཅེ་ཨར་པེན་ཐི་གྲོང་ཁྱེར་གྱི་ཏུང་ཀྲིན་ཆོས་ལུགས་ཀྱི་ཆོས་ཁང་གཉིས་དང་ཡིའུ་ཐེ་བའི་ཆོས་ཁང་གཅིག ཉེན་རྟོག་པའི་སོ་ལྟ་ཁང་གཅིག་བཅས་ལ་ཚེས23ཉིན་འཇིགས་སྐུལ་འཇབ་རྒོལ་ཐེབས་ཏེ། མི20རྐྱེན་ལམ་དུ་ཤོར་བ་དང་། མི46ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།