ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཝུའུ་ཁི་ལན་བར་བཟུང་དམག་དགུ་བཅུ་བརྗེ་སྤོར་བྱས་པ་ཁྱབ་བསྒྲགས་བྱས།
2024.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས25ཉིན་ཁྱབ་བསྒྲགས་བྱས་དོན། གྲོས་མོལ་བྱས་པ་བརྒྱུད། ཝུའུ་ཁི་ལན་གྱི་ཚོད་འཛིན་ས་ཁུལ་དུ་བཀག་འཇུག་བྱེད་པའི་ཨུ་རུ་སིའི་དམག་མི་དགུ་བཅུ་ཕྱིར་ཨུ་རུ་སིར་ལོག་པ་དང་། དེའི་བརྗེ་སྤོར་ཆ་རྐྱེན་དུ་ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་ཝུའུ་ཁི་ལན་གྱི་དམག་མི་དགུ་བཅུ་བརྒྱུད་སྤྲོད་བྱས་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ཏེ། ཐེངས་འདིའི་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་བཟུང་དམག་བརྗེ་སྤོར་བྱེད་པའི་འགུལ་སྐྱོད་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མི་ཆོས་རིང་ལུགས་ཀྱི་བར་འདུམ་འོག་སྤེལ་བ་ཡིན་ལ། ཨུ་རུ་སིའི་མཁའ་དམག་གིས་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་མངག་ནས་ཨུ་རུ་སིའི་དམག་མི་དགུ་བཅུ་བོ་དེ་མའོ་སི་ཁོ་རུ་བསྐྱལ་བ་དང་། དེའི་རྗེས་སུ་དམག་མི་དེ་དག་གིས་དམག་དོན་སྨན་བཅོས་ལས་ཁུངས་སུ་ཁམས་གསོའི་གསོ་བཅོས་དང་ལེན་བྱེད་རྒྱུ་ཡིན་ཟེར།

ད་ལོའི་ཚུན་ལ། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཐེངས་མང་བོར་གཞི་རྒྱ་ཆེ་བའི་སྒོ་ནས་བཟུང་དམག་བརྗེ་སྤོར་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།