ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་འཕུར་མདའི་སྤྱི་ཁྱབ་ཅུའུ་ཡིས་ཚེས26ཉིན་འཕུར་མདའི་སྒུལ་འཁོར་གྱི་འཐབ་འཛིང་ཁག་གི་ཁ་འབྲལ་ཚོད་ལྟའི་བྱ་བ་བདེ་བླག་ངང་སྤེལ།
བསྒྲགས་པ་ལྟར་ན། ཐེངས་འདིའི་ཚོད་ལྟའི་དམིགས་ཡུལ་ནི་མདེལ་མགོ་མང་བོས་སོ་སོར་དམིགས་འབེན་གཏོར་བའི་ནུས་པར་འགན་སྲུང་བྱེད་པའི་ཆེད་དུ་རེད། ཚོད་ལྟ་བྱེད་པར་འབྲིང་རྒྱང་འཕེན་གྱི་སྲ་གཟུགས་འབར་རྫས་འཕུར་མདའི་རིམ་པ་དང་པོའི་སྒུལ་འཁོར་བེད་སྤྱོད་བྱས་པ་དང་། འཕུར་སྐྱོད་ཀྱི་ཚད་འཇལ་བར་ཐག་ནི་སྤྱི་ལེ170ནས་སྤྱི་ལེ200བར་རེད།
བསྒྲགས་པ་ལྟར་ན། ཁ་འབྲལ་བྱས་པའི་སྒུལ་འཁོར་འཐབ་འཛིང་ཁག་དེ་འཕུར་མདའི་བཀའ་རྒྱར་བརྟེན་ནས་སྔར་གཏན་འཁེལ་བྱས་པའི་དམིགས་འབེན་གསུམ་ལ་གཟུར་མེད་དུ་ཕོག་པ་དང་། མཁའ་སྲུང་དམིགས་འབེན་འཚོལ་ཞིབ་ཚད་འཇལ་འཕྲུལ་ཆས་དེས་འཕུར་མདའི་ཁ་འབྲལ་གྱི་ནུས་ལྡན་རང་བཞིན་ལ་ཞིབ་བཤེར་བྱས་ཡོད་ཟེར།
བསྒྲགས་པ་ལྟར་ན། ཁྲའོ་ཞན་འཕུར་མདའི་སྤྱི་ཁྱབ་ཅུའུ་ཡིས་ཐེང་འདིའི་ཚོད་ལྟའི་རྗེས་སུ་བསྟན་དོན། འབྲེལ་ཡོད་ཀྱི་ལག་རྩལ་ཚོད་ལྟར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པའི་དུས་རིམ་ལ་བསླེབས་ཡོད་པ་དང་། དེ་ཁྲའོ་ཞན་གྱི་དམག་དཔུང་གི་འཕུར་མདའི་ཟིལ་ཤུགས་མཐོར་འདེགས་དང་ལག་རྩལ་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།