མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས26ཉིན་སྨྱན་བྱད་ལ་གསལ་སྒྲོག་སྤེལ་ཏེ། ཚེས23ཉིན་ཨུ་རུ་སིའི་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཁ་ཚིག་དྲག་པོས་ཨུ་རུ་སིའི་ཅི་ཏཱ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཏུ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། འདས་པོའི་ཁྱིམ་མི་དང་ཨུ་རུ་སིའི་སྲིད་གཞུང་། མི་དམངས་བཅས་ལ་སེམས་གཏིང་ནས་འཚམས་འདྲི་བྱས་པར་མ་ཟད། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།
གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་འཇིགས་ཉེན་ཚབས་ཆེན་བཟོ་བཞིན་པ་བསྐྱར་སྒྲོག་བྱས་པ་དང་། རྒྱལ་ཁབ་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་འོས་འགན་གཞིར་བཟུང་སྟེ། ཧུར་ཐག་སྒོས་ཨུ་རུ་སིའི་སྲིད་གཞུང་དང་འབྲེལ་ཡོད་ཕྱོགས་བར་མཉམ་ལས་བྱས་ནས། འཇིགས་སྐུལ་རིང་ལུས་ཀྱི་བྱ་སྤྱོད་སྤེལ་མཁན་དང་རྩ་འཛུགས་མཁན། རོགས་སྐྱོར་མཁན། རྒྱབ་སྐྱོར་མཁན་བཅས་ཀྱི་འགན་འཁྲི་རྩད་གཅོད་བྱེད་རྒྱུ་མ་ཟད། དེ་དག་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།