པའོ་ལེ་ཝེ་ཡཱའི་ཙུང་ཐུང་གིས་སྲིད་འགྱུར་གཡོ་ཇུས་ལ་རྒོལ་གཏམ་དྲག་པོ་བཏང་།
2024.06.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

པའོ་ལེ་ཝེ་ཡཱའི་ཙུང་ཐུང་ཨ་ཨར་སེ་ཡིས་ཚེས26ཉིན་རྒྱལ་ས་ལཱ་པཱ་སིའི་ཙུང་ཐུང་བཞུགས་ཤག་གི་ཉེ་འཁོར་ཐང་ཆེན་དུ་བྱུང་བའི་རྒྱུན་ལྡན་མིན་པའི་དམག་དཔུང་གི་བཀོད་སྒྲིག་མངག་གཏོང་དེར་རྒོལ་གཏམ་བཏང་བ་དང་། པའོ་ལེ་ཝེ་ཡཱའི་དམངས་གཙོ་ལ་ངེས་པར་དུ་བརྩི་འཇོག་ཐོབ་དགོས་པ་ནན་བཤད་བྱས།

ས་དེའི་ཚེས26ཉིན་གྱི་ཉིན་གུང་། དམག་མི་རེ་འགའ་དང་ཁྲབ་ལྡན་འཁོར་ལོ་རེ་འགའ་ཙུང་ཐུང་བཞུགས་ཤག་གི་ཉེ་འཁོར་གྱི་མུའུ་ལི་ལོས་ཐང་ཆེན་དུ་གཅིག་འདུས་བྱས་པ་དང་། པའོ་ལེ་ཝེ་ཡཱའི་སྐམ་དམག་གི་དམག་སྤྱི་སུའུ་ནེ་ཅཱ་ཁྲབ་ལྡན་འཁོར་ལོ་ལས་བབས་ཏེ་ཁོས་ཐེངས་འདིའི་དམག་དོན་འགུལ་སྐྱོད་ལ་གཙོ་ཁྲིད་བྱས་པ་ཁྱབ་བསྒྲགས་བྱས། ས་དེའི་བརྙན་འཕྲིན་ཁང་གིས་བསྒྲགས་པའི་བརྙན་རིས་ལས་མངོན་པ་ལྟར་ན། དམག་མི་དང་ཁྲབ་ལྡན་འཁོར་ལོས་ཙུང་ཐུང་བཞུགས་ཤག་གི་སྒོ་ཆེན་དུ་ཕར་རྒོལ་བྱས་པ་རེད།

པའོ་ལེ་ཝེ་ཡཱའི་སྔོན་ཆད་ཀྱི་ཙུང་ཐུང་མའོ་ལཱ་ལའེ་སི་ཡིས་ཉིན་དེར་འགུལ་སྐྱོད་དེར་རྒོལ་གཏམ་བཏང་བ་དང་། དེ་ནི་ལྐོག་ནས་འཆར་གཞི་འཐེན་པའི་སྲིད་འགྱུར་ཅིག་ཡིན་ལ། མྱུར་མོར་སུའུ་ནེ་དང་དེའི་ངན་འབྲེལ་གྲོགས་པོ་གཞན་པར་ཉེས་དོན་ཞུ་གཏུག་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།