ཐེ་གོས་སྐབས་གསར་བའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་འདེམས་བསྐོའི་བྱ་བ་སྤེལ། 
2024.06.27 ཁུངས། ཀློག་གྲངས། 17

ཐེ་གོས་ཚེས་ཉེར་དྲུག་ཉིན་རྒྱལ་ས་མན་ཀུའུ་ཉེ་འགྲམ་གྱི་གྲོས་ཚོགས་ལྟེ་གནས་སུ་སྐབས་གསར་བའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་འདེམས་བསྐོའི་བྱ་བ་སྤེལ། 

འདི་ནི་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་པར་ཐེ་གོའི་རྩ་ཁྲིམས་ཨང་ཉི་ཤུ་པ་ལག་བསྟར་བྱས་རྗེས་ཐོག་དང་པོར་སྤེལ་བའི་གྲོས་ཁང་གོང་མའི་འདེམས་བསྐོ་རེད། རྩ་ཁྲིམས་ཀྱི་གཏན་འབེབ་ལྟར་ན། ཐེ་གོའི་རྒྱལ་ཚོགས་ནི་གྲོས་ཁང་གོང་འོག་གཉིས་ཀྱིས་གྲུབ་ཅིང་། དེའི་ཁྲོད་ཀྱི་གྲོས་ཁང་གོང་མའི་གྲོས་ཞུགས་མི་སྣ་ཉིས་བརྒྱ་ནི་ལས་རིགས་མི་འདྲ་བ་སོ་སོ་ནས་འདེམ་བསྐོ་བྱས་ཏེ་གདམས་ཐོན་བྱུང་དགོས་པ་རེད། 

དེར་སྔོན། ཐེ་གོས་རིམ་པ་བཞིན་ཟླ་དྲུག་པའི་ཚེས་དགུ་ནས་བཅུ་དྲུག་བར་དུ་རྫོང་རིམ་པ་དང་གཞུང་ཤག་རིམ་པ་ནས་འདེམ་བསྐོ་བྱས་ནས། བསྡོམས་པས་འདེམ་སྒུག་མི་སྣ་སྟོང་གཉིས་དང་དགུ་བརྒྱ་གོ་ལྔ་བདམས་རྗེས། ཚེས་ཉེར་དྲུག་ཉིན་དངོས་སུ་ཡུལ་དངོས་ལ་ཐོན་ཡོད་པ་མི་སྟོང་གཉིས་དང་དགུ་བརྒྱ་གྱ་དགུ་ཡོད་ལ། ཁོ་ཚོ་ལས་རིགས་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ལྟར་རུ་ཁག་ཉི་ཤུ་ལ་བགོས་རྗེས། རུ་ཁག་ནང་ཁུལ་དུ་ཐེངས་གཉིས་ལ་འདེམ་བསྐོ་བྱས་པ་བརྒྱུད། མཐར་གྲོས་ཁང་གོང་མའི་གྲོས་ཞུགས་ཨུ་ཡོན་ཉིས་བརྒྱ་དང་རྗེས་གསབ་ཨུ་ཡོན་བརྒྱ་བདམས་ཐོན་བྱུང་། 

ཉིན་དེའི་འདེམ་བསྐོའི་བྱ་བ་པེ་ཅིང་གི་དུས་ཚོད་བཅུའི་སྟེང་མགོ་བརྩམས། སྔོན་དཔག་ལྟར་ན་འདེམས་བསྐོའི་མཇུག་འབྲས་དེ་ཟླ་བདུན་པའི་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱ་རྒྱུ་རེད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།