ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱིས་རང་དབང་གི་རལ་གྲི་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།
2024.06.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཚེས27ཉིན་ཁྱབ་བསྒྲགས་བྱས་དོན། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཕྱོགས་གསུམ་གྱིས་ཚེས27ཉིན་ཆི་ཀྲིག་གླིང་ཕྲན་ལྷོ་ངོས་ཀྱི་སྤྱི་གཞུང་གི་མཚོ་ངོས་སུ་རང་དབང་གི་རལ་གྲི་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐོག་མ་སྤེལ་བ་དང་། ཚོགས་ཡུན་ཉིན་གསུམ་ཡིན་ཟེར།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རང་དབང་གི་རལ་གྲི་ཞེས་པའི་དམག་དོན་སྦྱོང་བརྡར་དེ་མཚོ་ཁོངས་དང་མཁའ་ཁོངས། དྲ་རྒྱ་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད་ཅིང་། དམག་དོན་སྦྱོང་བརྡར་སྐབས་སུ། རྒྱལ་ཁབ་གསུ་གྱིས་མཚོ་ཐོག་ནས་འཕུར་མདའ་ལ་རྒོལ་བ་དང་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་འཐབ་འཁྲུག་དང་། མཁའ་སྲུང་འཐབ་འཁྲུག རྒུད་སྐྱོབ། མཚོ་ཐོག་གི་བཀག་འགོག དྲ་རྒྱའི་འགོག་སྲུང་སོགས་ཀྱི་སྦྱོང་བརྡར་སྤེལ་རྒྱུ་ཡིན་ཟེར།

ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱི་གྲུ་གཟིངས་དང་དམག་དོན་གནམ་གྲུ་མང་བོ་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། དེའི་ནང་ཨ་མེ་རི་ཁའི་ཞི་ཨོ་ཏའོ་ལོ་སི་ཧྥུའུ་རྟགས་ཅན་གྱི་ཉིང་རྡུལ་སྒུལ་ཤུགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་སོགས་འདུས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།