ཡོ་རོབ་གླིང་མནའ་འབྲེལ་དང་ཝུའུ་ཁི་ལན་གྱིས་ཚེས27ཉིན་པུའུ་ལུའུ་སེར་ནས་བསྡུས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་བདེ་འཇགས་གྲོས་མཐུན་བཀོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་མཚོན་ཆའི་རྩིས་སྤྲོད་དང་དམག་དོན་སྦྱོང་བརྡར་སོགས་ཁྱབ་ཁོངས་དགུ་ནས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས།
ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་བཅས་ཀྱིས་ཉིན་དེར་གྲོས་མཐུན་དེའི་སྟེང་མིང་བཀོད། མུས་ཞེ་ཨར་གྱིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་རོགས་རམ་བྱས་ཏེ་རང་ངོས་ཀྱི་བདེ་འཇགས་སྲུང་བ་དང་ཟང་ཟིང་འབྱུང་བར་སྔོན་འགོག་བྱེད་རྒྱུ་ཁས་ལེན་བྱས། གྲོས་མཐུན་བཀོད་པ་ལས་སྔར་ལས་ལྷག་པའི་སྒོ་ནས་ཡོ་རོབ་གླིང་མནའ་འབྲེལ་གྱིས་བློ་བརྟན་འགྱུར་མེད་ཀྱིས་དུས་ཡུན་རིང་བོར་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་བདེན་དཔང་བྱས་ཡོད་ཟེར།
ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ལི་ཐའོ་ཝན་དང་ཨེ་སོ་ནི་ཡཱ་གཉིས་ཀྱིས་སོ་སོར་ཝུའུ་ཁི་ལན་བར་རིགས་དེ་མཚུངས་ཀྱི་བདེ་འཇགས་གྲོས་མཐུན་བཀོད་པ་རེད། དེའི་སྔོན་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་འདུས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་བོས་ཝུའུ་ཁི་ལན་བར་རིགས་དེ་མཚུངས་ཀྱི་གྲོས་མཐུན་བཀོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།