ཨ་སེ་པེད་ཅང་གིས་དམངས་གྲོས་ཁང་གཏོར་ནས་ལ་གྲོས་ཁང་གི་འདེམས་བསྐོའི་བྱ་འགུལ་སྔོན་ལ་སྤེལ་རྒྱུ་རེད།
2024.06.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཨ་སེ་པེད་ཅང་གི་ཙུང་ཐུང་བཞུགས་ཤག་ནས་ཐོན་པའི་གསར་འགྱུར་ལྟར་ན། ཙུང་ཐུང་ཨ་ལེ་ཡེ་ཧྥུས་ཡིས་ཚེས་ཉེར་བརྒྱད་ཉིན་བཀའ་རྒྱ་བཀོད་ནས། ཨ་སེ་པེད་ཅང་གི་དམངས་གྲོས་ཁང་གཏོར་ནས་སྔ་སྣུར་གྱིས་གྲོས་ཁང་གི་འདེམས་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། 

བཀའ་རྒྱ་ལྟར་ན། ཨ་སེ་པེད་ཅང་གིས་ད་ལོའི་ཟླ་དགུ་པའི་ཚེས་གཅིག་ཉིན་གྲོས་ཁང་གི་འདེམས་བསྐོའི་བྱ་འགུལ་སྔོན་ལ་སྤེལ་རྒྱུ་རེད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།