ཕེ་རུའི་ལྷོ་ཕྱོགས་ཀྱི་མཚོ་འགྲམ་ས་ཁུལ་དུ་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་།
2024.06.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཕེ་རུའི་ལྷོ་ཕྱོགས་ཀྱི་མཚོ་འགྲམ་ས་ཁུལ་དུ་ཚེས28ཉིན་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་བརྡ་འཕྲིན་དྲ་བས་བསྒྲགས་པ་ལྟར་ན། ས་ཡོམ་དེ་ཚེས་ཉེར་བརྒྱད་ཉིན་གྱི་ནམ་གུང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་དེ་ཨ་ཏིས་ཅི་ཕཱ་ནུབ་ངོས་ཀྱི་སྤྱི་ལེ་བརྒྱད་ཀྱི་མཚམས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ28ཡོད་ཟེར།

ཞི་བདེ་རྒྱ་མཚོའི་རྒྱ་མཚོ་འཕྱུར་བའི་ཉེན་བརྡའི་ལྟེ་གནས་ཀྱིས་དེའི་སྔོན་ཙམ་ལ་ཐེངས་འདིའི་ས་ཡོམ་ལས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་བ་དང་། ཚོད་དཔག་བྱས་ན་ཕེ་རུའི་མཚོ་འགྲམ་ས་ཁུལ་དུ་སྨིད་གཅིག་ནས་གསུམ་གྱི་མཚོ་རླབས་འབྱུང་སྲིད་པར་བཤད་ཀྱང་། མིག་སྔར་ཉེན་བརྡ་དེ་རྩིས་མེད་དུ་བཏང་ཡོད།

ཕེ་རུ་ནི་ཞི་བདེ་རྒྱ་མཚོ་ཆེན་མོས་བསྐོར་བའི་ས་ཁུལ་དུ་གནས་པ་དང་། ས་ཡོམ་མང་དུ་འབྱུང་སའི་རྒྱལ་ཁབ་ཅིག་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།