ཕཱ་ལི་སི་ཐན་གསར་འགྱུར་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་ས་ཁུལ་མང་པོར་འཇབ་རྒོལ་བྱས་ནས། ཆེས་ཉུང་ནའང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།
ཡུལ་འཁྱམས་པར་གྱུར་པའི་ཅཱ་ཧྲའི་མི་དམངས་ས་གནས་དང་ཁ་འབྲལ་བཞིན་པ།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་མཱ་ཝ་ཞི་ས་ཁུལ་དུ་སྡོད་སའི་གནས་མེད་པའི་མང་ཚོགས་ཀྱི་རས་གུར་ཕུབ་ཡོད་ས་རུ་འཇབ་རྒོལ་བྱས་ནས། ཆེས་ཉུང་ན་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཡོད་ལ། མི་བཞི་བཅུ་ལྷག་ལ་རྨས་སྐྱོན་ཕོག དབྱི་སི་རལ་གྱི་དམག་མིས་ཅཱ་ཧྲའི་དབུས་རྒྱུད་ཀྱི་ནུའུ་སེ་ལེ་ཐིའི་ཡུལ་གྱར་བའི་སྒར་སའི་མི་དམངས་ཀྱི་ཁྲོད་དུ་མེ་མདས་བརྒྱབ་ནས། ཆེས་ཉུང་ན་མི་གཉིས་རྐྱེན་ལམ་དུ་ཤོར། ཅཱ་ཧྲ་གྲོང་ཁྱེར་ལྟེ་བའི་ཧྲུའུ་ཅཱ་ཨེ་ཡའེ་གཞིས་ཁུལ་དུ་འགས་གཏོར་བཏང་ནས། མི་གཉིས་རྐྱེན་ལམ་དུ་ཤོར།
དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས་ཉེར་བརྒྱད་ཉིན་གསལ་བསྒྲགས་སྤེལ་ནས། ཅཱ་ཧྲའི་ཧྲུའུ་ཅཱ་ཨེ་ཡའེ་གཞིས་ཁུལ་དུ་འཇིགས་སྐུལ་ཉེས་ཅན་དང་དེའི་རྨང་གཞིའི་སྒྲིག་ཆས་ཡོད་པའི་གསང་འཕྲིན་འབྱོར་བྱུང་། འདས་པའི་ཉིན་གཅིག་གི་སྔོན་ལ་དབྱི་སི་རལ་གྱི་དམག་མིས་ས་དེར་འགུལ་བསྐྱོད་སྤེལ་པ་ཡིན་ཟེར། དབྱི་སི་རལ་གྱི་དམག་མིའི་མགྲིན་ཚབ་པ་ཨ་ཝེ་ཁེ་ཨ་ཏི་ལཱ་དབྱི་ཡིས་ཚེས་ཉེར་བདུན་ཉིན། ཅཱ་ཧྲའི་ཧྲུའུ་ཅཱ་ཨེ་ཡའེ་གཞིས་ཁུལ་གྱི་སྡོད་དམངས་དང་ཡུལ་འཁྱམས་སུ་གྱུར་པའི་མང་ཚོགས་བདེ་འཇགས་ཁུལ་ཁོངས་སུ་ཕྱིར་འཐེན་བྱ་དགོས་པའི་གསལ་སྒྲོག་སྤེལ།
དབྱི་སི་རལ་གྱི་དམག་མིས་ཅཱ་ཧྲའི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་རུ་འགས་གཏོར་བཏང་རྗེས་དུད་ནག་འཕྱུར་བཞིན་པ།
ཨ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ན་ནིང་གི་ཟླ་བཅུ་པའི་སྐོར་ཐེངས་གསར་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་རྗེས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་བསྐྱོད་སྤེལ་ནས། ཕཱ་ལེ་སི་ཐན་གྱི་མི་ཁྲི་གསུམ་དང་སྟོང་བདུན་བསད་ལ། མི་ཁྲི་བརྒྱད་དང་སྟོང་དྲུག་ལ་རྨས་སྐྱོན་བཟོས་ཡོད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།