ཨེ་ཅིབ་ནུབ་བྱང་ས་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་ཞིག་ལ་ཆག་སྒོ་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།
2024.06.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

སྤྱི་སྤྱོད་རླངས་འཁོར་ཞིག་ཚེས29ཉིན་ཨེ་ཅིབ་ནུབ་བྱང་ཕྱོགས་ཀྱི་མཱ་ཐི་ལུའུ་ཞིང་ཆེན་གྱི་མཚོ་འགྲམ་མྱུར་བགྲོད་གཞུང་ལམ་སྟེང་ཆག་སྒོ་བྱུང་སྟེ། ཉུང་མཐར་ཡང་མི5རྐྱེན་ལམ་དུ་ཤོར་བ་དང་། མི59རྨས་ཕོག་ཡོད་ཟེར། 

ཨེ་ཅིབ་དབུས་ཤར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སྤྱི་སྤྱོད་རླངས་འཁོར་དེ་ཡཱ་ལེ་ཧྲན་ཏཱ་གྲུ་ཁ་ནས་མཱ་ཐི་ལུའུ་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་བགྲོད་སྐབས་ལོག་པ་ཡིན་ལ། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་གསུམ་དུ་བསྐྱལ་ཡོད་ཟེར།

མཱ་ཐི་ལུའུ་ཞིང་ཆེན་འཕྲོད་བསྟེན་པུའུ་ཡི་དཔོན་པོ་སཱ་ལེ་མུའུ་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། རྨས་མ་སོ་གསུམ་གྱིས་གསོ་བཅོས་བྱས་རྗེས་སྨན་ཁང་ལས་བུད་པ་དང་། དེའི་འཕྲོའི་རྨས་མ་དག་གིས་སྔར་བཞིན་སྨན་ཁང་དུ་ལྟ་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།