རྒྱལ་སྤྱིའི་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཞི་བདེ་མཉམ་གནས་རྩ་དོན་ལྔ་བཏོན་ནས་ལོ70འཁོར་བའི་རྗེས་དྲན་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་དེ་ལོ་རྒྱུས་དང་དངོས་ཡོད། མ་འོངས་པ་བཅས་ལ་སྦྲེལ་ཡོད་ཅིང་། མི་ལ་བློ་སྒོ་འབྱེད་ཐུབ་པར་མ་ཟད། རྒྱལ་ཁབ་སོ་སོས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་མཛུབ་སྟོན་བྱེད་ཐུབ་ཟེར།
རྒྱལ་སྤྱིའི་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་རབ་དང་རིམ་པར་དུས་རབས་བརྒལ་བའི་དོན་རྐྱེན་དང་སྔོན་དཔག་རང་བཞིན་ལྡན་ལ། ཟོལ་མེད་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔར་རྒྱུན་ཆད་མེད་པར་གསོན་ཤུགས་གསར་བ་རྒྱས་སུ་འཇུག་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།