ཧང་ག་རི་ཡིས་ཟླ7པའི་ཚེས1ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་དང་། འགན་ཡུན་ཟླ་ངོ་དྲུག་རེད། ཧང་ག་རི་ཡིས་གཟའ་འཁོར་སྔོན་མར་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་ཀྱི་ཁ་གཡང་སྟེ་ཡོ་རོབ་གླིང་ཡང་བསྐྱར་རླབས་ཆེན་དུ་གཏོང་དགོས་ཞེས་པ་ཁྱབ་བསྒྲགས་བྱས།
ཧང་ག་རིའི་ཡོ་རོབ་གླིང་མནའ་འབྲེལ་ལས་དོན་གྱི་པུའུ་ཀྲང་པའོ་ཁའོ་ཡིས་ཉེ་སྔོན་མཚམས་སྦྱོར་བྱས་དོན། ཧང་ག་རི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་ཐོག་མའི་བྱ་བ་གཙོ་བོ་བདུན་གཏན་འཁེལ་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགྲན་རྩོད་ནུས་པར་ཤུགས་སྣོན་པ་དང་། ཡོ་རོབ་གླིང་གི་འགོག་སྲུང་སྲིད་ཇུས་ལ་ཤུགས་སྣོན་པ། ཡོ་རོབ་གླིང་མནའ་འབྲེལ་རྒྱ་བསྐྱེད་པ། ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་ཚོད་འཛིན་བྱེད་པ། ཡོ་རོབ་གླིང་མནའ་འབྲེལ་གྱི་འདྲིལ་ཤུགས་ཇེ་དྲག་ཏུ་གཏོང་བ། ཞིང་བ་གཙོར་བཟུང་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཞིང་ལས་སྲིད་ཇུས་གཏན་འབེབས་བྱེད་པ། ཡོ་རོབ་གླིང་གི་མི་གྲངས་འགྲན་རྩོད་ཐག་གཅོད་བྱེད་པ་སོགས་འདུས།
པའོ་ཁའོ་ཡིས་བསྟན་དོན། ཧང་ག་རི་ཡིས་བྱ་བ་གཙོ་བོ་དེ་དག་གཏན་འཁེལ་བྱས་པ་ལས་ཉེ་སྔོན་ཡོ་རོབ་གླིང་གྲོས་ཁང་གི་འདེམ་བསྐོའི་ཁྲོད་ཀྱི་དམངས་ཀྱི་འདོད་བློ་མཚོན་ཡོད་པ་སྟེ་ཡོ་རོབ་གླིང་ལ་བཅོས་བསྒྱུར་བྱེད་དགོས་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱི་འགྲན་རྩོད་ནུས་པར་ཤུགས་སྣོན་པ་ལས་གཞན། ཡོ་རོབ་གླིང་གི་བདེ་འཇགས་དང་འགན་སྲུང་སྲིད་ཇུས་ལ་ཤུགས་སྣོན་པའང་གལ་འགངས་ཧ་ཅང་ཆེ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།